ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཐེངས་ཉེར་གཅིག་པའི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གྱོད་དོན་ལྔ་བཅུ་སྤྲད་དེ་བསྒྲུབ་ཏུ་བཅུག
2023.12.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ12པའི་ཚེས13ཉིན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཐེངས་ཉེར་གཅིག་པའི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གྱོད་དོན50སྤྲད་དེ་བསྒྲུབ་ཏུ་བཅུག དེའི་ནང་ཁ་པར་ཞུ་གཏུག41དང་འཕྲིན་ཡིག་ཞུ་གཏུག9ཡོད། དེའི་ཁྲོད་ཆེས་དོ་སྣང་བྱེད་པའི་གྱོད་དོན5ཡོད་པར་མ་ཟད། བསྒྲུབ་ཏུ་བཅུག་པའི་གྱོད་དོན་ལྔ་བཅུ་དེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བདུན་ལ་འབྲེལ་ཞིང་།དེའི་ནང་ཟི་ལིང་གྲོང་ཁྱེར་དུ་གྱོད་དོན27དང་། མཚོ་ཤར་གྲོང་ཁྱེར་དུ་གྱོད་དོན9།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་གྱོད་དོན6།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་གྱོད་དོན2། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་གྱོད་དོན2། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་གྱོད་དོན2། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་གྱོད་དོན1། ཞིང་ཆེན་ཐད་གཏོགས་སྡེ་ཁག་ལ་གྱོད་དོན1བཅས་ཡོད། མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་གནད་དོན་དེ་འཛེར་སྒྲའི་སྦག་བཙོག་ལ་འབྲེལ་བའི་གྱོད་དོན11དང་། སྐྱེ་ཁམས་གཏོར་བརླག་ལ་འབྲེལ་བའི་གྱོད་དོན9། རླུང་ཁམས་ཆེན་མོའི་སྦག་བཙོག་ལ་འབྲེལ་བའི་གྱོད་དོན11། ཆུའི་སྦག་བཙོག་ལ་འབྲེལ་བའི་གྱོད་དོན6།  ས་གཤིས་སྦག་བཙོག་ལ་འབྲེལ་བའི་གྱོད་དོན7།  གཞན་པའི་སྦག་བཙོག་དང་འབྲེལ་བའི་གྱོད་དོན6བཅས་དང་འབྲེལ་བ་ཡོད།  མིག་སྔར་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་རང་ཞིང་ལ་སྤྲད་ནས་བསྒྲུབ་ཏུ་བཅུག་པའི་སྐོར་ཐེངས་ཉེར་གཅིག་པའི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གྱོད་དོན་དག་སོ་སོར་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ། སྡེ་ཁག་བཅས་ལ་སྤྲད་ཡོད་པ་དང་། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་གོ་རིམ་ལྟར་དུས་ཚོད་དམ་འཛིན་བྱས་ནས་སྒྲུབ་བཞིན་ཡོད།

ལྷ་མོ་འཚོས་བསྒྱུར།