ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་བཀོད་ནས《མི་ལུས་དབང་པོ་ཞལ་འདེབས་འབུལ་བ་དང་བརྗེ་སྤོར་སྲོལ་ཡིག》ཁྱབ་བསྒྲགས་བྱས།
2023.12.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་བཀོད་ནས《མི་ལུས་དབང་པོ་ཞལ་འདེབས་འབུལ་བ་དང་བརྗེ་སྤོར་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་། 2024ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

2007ལོར་ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱས་པའི《མི་ལུས་དབང་པོ་བརྗེ་སྤོར་སྲོལ་ཡིག》དེས་དབང་པོ་ཞལ་འདེབས་འབུལ་བ་དང་བརྗེ་སྤོར་བྱ་གཞག་གོང་འཕེལ་གཏོང་རྒྱུར་གལ་ཆེ་བའི་ནུས་པ་ཐོན་ཡོད། དབང་པོ་ཞལ་འདེབས་འབུལ་བ་དང་བརྗེ་སྤོར་བྱ་གཞག་སྐྱོན་བྲལ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་སྔར་ལས་ཡག་པོ་བྱ་ཆེད། ལག་ལེན་གྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག《མི་ལུས་དབང་པོ་བརྗེ་སྤོར་སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་པ་རེད།

གཅིག་ནས་རང་མོས་དང་རིན་དོད་མི་དགོས་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་དབང་པོ་ཞལ་འདེབས་འབུལ་བའི་ཆ་རྐྱེན་དང་གོ་རིམ་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། དབང་པོ་ཞལ་འདེབས་འབུལ་བར་བསྔགས་བརྗོད་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ཡོད། གཉིས་ནས་དབང་པོ་ཐོབ་པ་དང་བགོ་བཤའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱས་ཡོད། གསུམ་ནས་དབང་པོ་བརྗེ་བའི་ལག་རྩལ་བཀོལ་སྤྱོད་དོ་དམ་ལ་ཤུགས་བསྣན་ནས་སྨན་བཅོས་སྤུས་ཚད་ལ་འགན་ལེན་བྱས་ཡོད།

གཞན་ཡང་བཅའ་ཁྲིམས་འགན་འཁྲིའི་འབྲེལ་ཡོད་གཏན་འབེབས་འཐུས་ཚང་དུ་བཏང་ནས་ཆད་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ་དབང་པོ་ཞལ་འདེབས་འབུལ་བ་དང་བརྗེ་སྤོར་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཡོད།

ཤ་བོ་གསེར་མཚོ།