ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་དུ་ཆུ་གློག་ཆུང་གྲས་གཙང་སེལ་དང་བཅོས་སྒྲིག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས།
2023.12.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ12པའི་ཚེས16ཉིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་དུ་ཆུ་གློག་ཆུང་གྲས་གཙང་སེལ་དང་བཅོས་སྒྲིག་ལས་དོན་ལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་བྱེད་སྐབས་བསྟན་དོན།  ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱས་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཚན་ཆུང་གི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་པར་བྱས་ནས་ཆབ་སྲིད་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཤེས་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ཆབ་སྲིད་ཐད་ནས་ལྟ་བ་དང་། ཆབ་སྲིད་ཐད་ནས་གཉེར་བ། ཆབ་སྲིད་ཐད་ནས་སྒྱུར་བཅོས་མཐའ་འཁྱོངས་བཅས་བྱས་ནས་གཟབ་ནན་དང་མགྱོགས་མྱུར་གྱི་སྒོ་ནས་དག་ཐེར་ཡོ་བསྲང་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཆུ་བོའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་བྱས་ནས“དྭངས་གཙང་གི་ཆུ་བོ་ཤར་ཕྱོགས་སུ་འབབ་པར”འགན་ལེན་བྱེད་དགོས།

ཝུའུ་ཞའོ་ཅུན་སྔ་རྗེས་སུ་སྟོང་སྐོར་རྫོང་གི་ཧྲི་ཙུའེ་དང་། གོ་སྨི་ཐང་། ཧྲི་པན་ཀིག་སོགས་གློག་ཁང་ཆུང་གྲས་སུ་སོང་ནས་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། སྐྱེ་ཁམས་ཤོང་ཚད་ལྟ་སྐུལ། ཉ་བགྲོད་སྒྲིག་བཀོད་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཆུ་ཤུགས་གློག་ཁང་འཛུགས་སྐྲུན་གཉེར་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚུལ་ལ་ཞིབ་ཏུ་རྟོག་ཞིབ་བྱས་པར་མ་ཟད། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཏང་ཨུ་དང་། སྲིད་གཞུང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་མཉམ་དུ་ཡུལ་དངོས་ནས་གཞུང་དོན་བསྒྲུབས་དེ་མཉམ་དུ་དག་ཐེར་ལས་དོན་ལ་ཞིབ་འཇུག་བྱས། ཁོས་བསྟན་དོན། ཙོང་ཆུའི་ཆུ་འགོ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་རིམ་པ་དང་པོའི་ཡན་ལག་ཆུ་བོ་ཞིག་དང་མཚོ་སྔོན་གྱི་མ་ཡུམ་གཙང་པོ་ཞིག་ཡིན་པས། ཙོང་ཆུའི་འབབ་རྒྱུད་ཡོངས་ཀྱི་སྐྱེ་ཁམས་བཅོས་སྐྱོང་ལ་ཤུགས་བསྣན་ཏེ་རྨ་ཆུའི་སྟོད་རྒྱུད་འབབ་རྒྱུད་ཀྱི་སྐྱེ་ཁམས་ལ་བདེ་འཇགས་འགན་ལེན་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲ་བརྟན་གཏོང་བར་དོན་སྙིང་གལ་ཆེན་ལྡན། སྲིད་སྐྱོང་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་རྒྱུན་འཁྱོངས་དང་སྐྱེ་ཁམས་ཀྱི་རྩིས་ཡག་པོ་རྒྱག་པ། ཆུ་ཚད་མཐོ་བའི་སྲུང་སྐྱོང་ཐད་ལ་འབད་བརྩོན་སྔར་ལས་ཆེན་པོ་བྱེད་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་དང་དངོས་ཐོག་བདེན་འཚོལ། རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་བྱེད་པ། བདེ་འཇགས་འགན་ལེན་ནན་ཏན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ། སྐྱེ་ཁམས་ཀྱི་ཁྱོན་ཡོངས་རང་བཞིན་དང་འབབ་རྒྱུད་ཀྱི་བརྒྱུད་རིམ་རང་བཞིན་ནས་འགོ་རྩོམ་པ། ཆུ་གློག་ཆུང་གྲས་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་མི་འདང་བ་དང་། ཆུ་རྒྱུན་གྱི་སྐྱེ་ཁམས་མ་ལག་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་ཡོད་ཚད་རྩ་བ་ནས་དག་ཐེར་ཡོ་བསྲང་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། དཔྱད་ཞིབ་དཔྱད་འཇོག་ལ་ཤུགས་བསྣན་ནས་དུས་རིམ་སྔོན་མའི་བྱ་བའི་རྨང་གཞིའི་ཐོག་ཆུ་གློག་ཆུང་གྲས་སྣ་ཚོགས་ལ་ཁྱོན་ཡོངས་ནས་གྲལ་བཤེར་མཐིལ་རྟོགས་བྱས་ཏེ། ཕྱོགས་བསྡུས་དཔྱད་འཇོག་བྱས་ནས་ཕྱིར་འཐེན་པ་དང་། དག་ཐེར་རམ་ཡང་ན་སོར་འཇོག་བཅས་ཀྱི་དཔྱད་འཇོག་བསམ་འཆར་འདོན་པ་དང་། རྩིས་ཁྲ་གསལ་ཁྲ་བཟོས་ནས་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྒྲིག་བྱས་ཏེ་ཆད་ལུས་མེད་པར་མི་མངོན་པའི་རྐྱེན་ངན་གཅིག་ཀྱང་མི་ལྷག་པར་འགན་ལེན་བྱེད་དགོས། རིགས་དབྱེ་བཅོས་སྒྲིག་ལ་ཤུགས་བསྣན་ནས་ཆུ་གློག་ཆུང་གྲས་གྲལ་བཤེར་བཅོས་སྒྲིག་གི་དམིགས་ཚད་དང་། བཅོས་སྒྲིག་གི་ནང་དོན། བཅོས་སྒྲིག་གི་བླང་བྱ་བཅས་ཁ་གསལ་བཟོས་ཏེ། འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ལག་རྩལ་གྱི་ཚད་གཞི་གཞིར་བཟུང་ཐོག  ཡུལ་བབ་དང་བསྟུན་ནས་བཅོས་སྒྲིག་བྱེད་ཐབས་བཟོས་ནས“ས་ཚུགས་གཅིག་དང་ཐབས་ཇུས་གཅིག”གི་ཐོག་ནས་བཅོས་སྒྲིག་བྱེད་དགོས། དག་ཐེར་གྱི་མཉམ་ཤུགས་ལ་ཤུགས་བསྣན་ནས་གོང་འོག་མཉམ་འགུལ་དང་། སྡེ་ཚན་བར་གཞོགས་འདེགས། འགན་འཁྲི་ཁ་གསལ། ལས་ཕྱོད་ཆེ་ལ་ཕན་ནུས་ལྡན་པ་བཅས་ཀྱི་བྱ་བ་འི་ལམ་སྲོལ་འཛུགས་པ་དང་། གཞི་གྲངས་མཉམ་སྤྱོད་ལ་ཤུགས་སྣོན་པ། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་པ་བཅས་བྱས་ནས་བྱ་བའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས།  དག་ཐེར་ཡོ་བསྲང་གི་ཕན་འབྲས་དངོས་ལ་ཤུགས་སྣོན་པ་དང་། དག་ཐེར་ཡོ་བསྲང་གི་འཕེལ་རིམ་བཀོད་གཏོང་དང་འགུལ་རྣམ་དོ་དམ་ལ་ཤུགས་སྣོན་པ།  ཞིབ་བཤེར་རྩིས་ལེན་གྱི་རེ་རེ་བཞིན་ཐག་གཅོད་པར་སྒྲིག་འཛུགས་ནན་པོ་བྱེད་པ།  ཡུན་ཕན་འཕེལ་རྒྱས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།  འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ཤུགས་བསྣན་ཏེ་ཕྱོགས་སོ་སོའི་འགན་འཁྲི་བརྟན་པོ་དང་ཏན་ཏིག་ངང་ཁུར་ནས་དམ་འཛིན་ཞིབ་ཚགས་དང་ནན་ཏན་གྱིས་དག་ཐེར་བྱ་བ་དམ་འཛིན་ཡག་པོ་བྱས་ཏེ་འགན་འཁྲི་དོན་འཁྱོལ་མི་བྱེད་པ་དང་། ལྟ་སྐུལ་དོ་དམ་དོན་ཐོག་ཏུ་འཁྱོལ་མེད་པ། འཕེལ་རིམ་འགོར་བའམ་ཡང་ན་སླ་བཅོས་བྱེད་པ། མི་བདེན་རྫུན་སྒྲིག་བྱེད་པ་སོགས་ཀྱི་གནད་དོན་ཐད་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས།

ཝང་ཝེ་ཏུང་མཉམ་དུ་རྟོག་ཞིབ་ལ་ཞུགས།