རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ12པའི་ཚེས17ཉིན། ཁུ་ཝེ་ཐེའི་ཨའེ་མིས་ཨར་ནཱ་ཝ་ཧྥུའུ་སྟབས་མ་ལེགས་པར་སྐུ་གཤེགས་པར། ཁུ་ཝེ་ཐེའི་གསར་བསྐོས་ཨའེ་མིས་ཨར་མིས་ཧྲ་ལེ་ལ་གློག་འཕྲིན་བཏང་ནས་མྱ་ངན་ཞུས། ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་པ་དང་མི་སྒེར་གྱི་མིང་ཐོག་ནས་ཨའེ་མིས་ཨར་ནཱ་ཝ་ཧྥུའུ་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་། ཨའེ་མིས་ཨར་ནཱ་ཝ་ཧྥུའུ་ཡི་གཉེན་ཉེ་དང་ཁུ་ཝེ་ཐེའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས།
ཞི་ཅིན་ཕིང་གིས་ཨའེ་མིས་ཨར་ནཱ་ཝ་ཧྥུའུ་ལ་ཁུ་ཝེ་ཐེ་མི་དམངས་ཀྱི་གུས་བཀུར་ཆེན་པོ་ཐོབ་མྱོང་། ཁོ་འཚོ་བཞུགས་གནང་སྐབས་སུ། ཀྲུང་གོ་དང་ཁོ་ཝེ་ཐེའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད། ཁོང་སྐུ་གཤེགས་པ་ནི་ཁུ་ཝེ་ཐེ་མི་དམངས་ཀྱི་གྱོང་གུད་ཆེན་པོ་ཞིག་ཡིན་པ་དང་། ཀྲུང་གོ་མི་དམངས་ལའང་གྲོགས་པོ་བཟང་པོ་ཞིག་ཇེ་ཉུང་དུ་སོང་བ་རེད། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོ་དང་ཁུ་ཝེ་ཐེ་རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་ལ་མཐོང་ཆེན་གང་ལེགས་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀའི་ཐུན་མོང་གི་འབད་བརྩོན་འོག་ཏུ། ཀྲུང་གོ་དང་ཁུ་ཝེ་ཐེ་རྒྱལ་ཁབ་གཉིས་ཀའི་འཐབ་ཇུས་རོགས་རེས་འབྲེལ་བ་ཟམ་མི་ཆད་པར་ཇེ་བརྟན་དང་འཕེལ་རྒྱས་འགྲོ་ངེས་པར་ཡིད་ཆེས་ཡོད་ཅེས་གསུངས།
ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ན་ཝ་ཧྥུའུ་སྟབས་མ་ལེགས་པར་སྐུ་གཤེགས་པར། ཁུ་ཝེ་ཐེའི་དབུ་བཞུགས་བློན་ཆེན་ཨའེ་ཧ་མའེ་ཏི་ལ་གློག་འཕྲིན་བཏང་ནས་མྱ་ངན་ཞུས་ཏེ། ཁུ་ཝེ་ཐེ་སྲིད་གཞུང་ལ་གདུང་སེམས་ཆེན་པོས་མྱ་ངན་ཞུས་པ་དང་། ཨའེ་མིས་ཨར་ནཱ་ཝ་ཧྥུའུ་ཡི་གཉེན་ཉེར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས།
བན་དེ་སྐྱབས་ཀྱིས་བསྒྱུར།