ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཐེངས་ཉེར་ལྔ་པའི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གནད་དོན་ཉེས་གསུམ་སྤྲད་དེ་བསྒྲུབ་ཏུ་བཅུག
2023.12.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཟླ12པའི་ཚེས17ཉིན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཐེངས་ཉེར་ལྔ་པའི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གནད་དོན་ཉེར་གསུམ་སྤྲད་དེ་བསྒྲུབ་ཏུ་བཅུག དེའི་ཁྲོད་ཁ་པར་ཞུ་གཏུག15དང་འཕྲིག་ཡིག་ཞུ་གཏུག8ཡོད། དེའི་ནང་ཆེས་དོ་སྣང་བྱེད་པའི་གནད་དོན1ཡོད། བསྒྲུབ་ཏུ་བཅུག་པའི་འཕྲིན་བཅར་ཞུ་གཏུག་གནད་དོན23དེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་ལྔ་ལ་འབྲེལ་ཞིང་། དེའི་ནང་ཟི་ལིང་གྲོང་ཁྱེར་དུ་གནད་དོན18དང་། མཚོ་ཤར་གྲོང་ཁྱེར་དུ་གནད་དོན1། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་གནད་དོན1། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་གནད་དོན2། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་གནད་དོན1བཅས་ཡོད། མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་གནད་དོན་དེ་འཛེར་སྒྲའི་སྦགས་བཙོག་ལ་འབྲེལ་བའི་གནད་དོན5དང་། སྐྱེ་ཁམས་གཏོར་བརླག་ལ་འབྲེལ་བའི་གནད་དོན3། རླུང་ཁམས་ཆེན་མོའི་སྦགས་བཙོག་ལ་འབྲེལ་བའི་གནད་དོན6། ཆུའི་སྦགས་བཙོག་ལ་འབྲེལ་བའི་གནད་དོན1། ས་གཤིས་སྦགས་བཙོག་ལ་འབྲེལ་བའི་གནད་དོན5། འགྱེད་འཕྲོའི་སྦགས་བཙོག་ལ་འབྲེལ་བའི་གནད་དོན1། གཞན་པའི་སྦགས་བཙོག་དང་འབྲེལ་བའི་གནད་དོན2བཅས་ཡོད།

མིག་སྔར་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་རང་ཞིང་ལ་སྤྲད་ནས་བསྒྲུབ་ཏུ་བཅུག་པའི་སྐོར་ཐེངས་ཉེར་ལྔ་པའི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གནད་དོན་དག་སོ་སོར་འབྲེལ་ཡོད་ཀྱི་གྲོང་ཁྱེར་དང་ཁུལ། སྡེ་ཁག་བཅས་ལ་སྤྲད་ཡོད་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གོ་རིམ་ལྟར་དུས་ཚོད་དམ་འཛིན་བྱས་ནས་སྒྲུབ་བཞིན་ཡོད།

རིན་ཆེན་མཚོས་བསྒྱུར།