ཞིང་ཆེན་ཡོངས་ཀྱི་ལས་བྱེད་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས།
2023.12.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ12པའི་ཚེས15ཉིན། ཞིང་ཆེན་ཡོངས་ཀྱི་ལས་བྱེད་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཀྲུང་དབྱང་རྩ་འཛུགས་པུའུ་སོགས་པུའུ་ཨུ་ཡི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་དང“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་བྱ་བའི་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ་བྱ་བའི་ཕན་འབྲས་ཕྱོགས་སྡོམ་དང་གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་འདུ་ལས་བསྟན་དོན། ལོ་གཅིག་གི་རིང“ཚོགས་སྒྲིག་རྣམ་པའི”མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་འགོ་ཡག་པོ་འཛུགས་པ་དང་ཕན་འབྲས་རགས་ཙམ་ཐོན་ཡོད་པས། གནད་དོན་གྱི་ཕྱོགས་སྟོན་དང་། དམིགས་ཚད་ཀྱི་ཁྲིད་ཕྱོགས། ཕན་འབྲས་ཀྱི་ཕྱོགས་་སྟོནབཅས་གཅིག་གྱུར་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་གནས་པའི་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་ནུས་ཤུགས་ཡོད་རྒུས་ཇེ་ལེགས་སུ་གཏོང་བ་དང་ཐག་གཅོད་བྱས་ཏེ་བྱ་བ་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཁུལ་དྲུག་གི་མི་དམངས་སྨན་ཁང་གི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་གྱི་འགོ་འཛུགས་དུས་མཚམས་ཀྱི་བྱ་བ་སོ་སོ་གོ་རིམ་ལྡན་པའི་ངང་དམ་འཛིན་ཡག་པོ་བྱེད་པ་དང་། བྱེད་ཐབས་སྣ་ཚོགས་སྤྱད་དེ་གཙོ་གནད་རོགས་སྐྱོར་རྫོང་གི་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་དགོས། སློབ་གསོའི་སློབ་གཉེར་ཆོས་ཉིད་ལ་བརྩི་སྲུང་བྱས་ནས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། ལས་རིགས་སློབ་གསོའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་སློབ་གསོའི་ཐད་ཀྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཚན་རྩལ་ཆེད་མངགས་ཚོགས་པའི་ཐོན་ཁུངས་ཀྱི་དགེ་མཚན་སྔར་ལས་འདོན་སྤེལ་བྱས་ཏེ། ཡུལ་ཚོ་དང་སྡེ་བ། ཁེ་ལས་མཉམ་འབྲེལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཙོ་ཁྲིད་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། ཚན་རིག་དང་མཐུན་པའི་གནད་འཁེལ་མཐའ་འཁྱོངས་དང་། རྩ་འཛུགས་དང་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། “ཚན་ཆུང་ཚོགས་པའི”རོགས་སྐྱོར་བྱ་བ་གཅིག་གྱུར་གྱིས་དམ་འཛིན་ཡག་པོ་བཅས་བྱེད་དགོས། ཕྱོགས་སོ་སོའི་འགན་འཁྲི་གཟབ་ནན་དུ་གཏོང་བ་དང་། དཔྱད་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། དོ་དམ་དང་ཞབས་ཞུ་ཏན་ཏིག་ངང་སྒྲུབ་པ་བཅས་བྱས་ནས“ཚོགས་སྒྲིག་རྣམ་པའི”   མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བར་གྲུབ་འབྲས་གསར་པ་ཐོབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་སྟེང2023ལོར་ལས་བྱེད་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་གི་བྱ་བའི་ལོ་འཁོར་གྱི་ཕྱོགས་བསྡུས་ཞིབ་དཔྱད་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། “ཚོགས་སྒྲིག་རྣམ་པའི”མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་དང་། སློབ་གསོ། ཚན་རྩལ་ཤེས་ལྡན་མི་སྣའི་འཐུས་མི། རོགས་སྐྱོར་བྱ་ཡུལ་གྱི་འགན་འཁུར་བློ་མཐུན་བཅས་ཀྱི་འཐུས་མིས་བརྗེ་རེས་གཏམ་བཤད་སྤེལ།

ཤ་བོ་གསེར་མཚོས་བསྒྱུར།