ཟླ12པའི་ཚེས18ཉིན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཐེངས་ཉེར་དྲུག་པའི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གནད་དོན24སྤྲད་དེ་བསྒྲུབ་ཏུ་བཅུག དེའི་ཁྲོད་ཁ་པར་ཞུ་གཏུག21དང་འཕྲིག་ཡིག་ཞུ་གཏུག3ཡོད། དེའི་ནང་ཆེས་དོ་སྣང་བྱེད་པའི་གནད་དོན2ཡོད། བསྒྲུབ་ཏུ་བཅུག་པའི་འཕྲིན་བཅར་ཞུ་གཏུག་གནད་དོན24དེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ6ལ་འབྲེལ་ཞིང་། དེའི་ནང་ཟི་ལིང་གྲོང་ཁྱེར་དུ་གནད་དོན16དང་། མཚོ་ཤར་གྲོང་ཁྱེར་དུ་གནད་དོན2། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་གནད་དོན1། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་གནད་དོན3། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་གནད་དོན1། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་གནད་དོན1བཅས་ཡོད། མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་གནད་དོན་དེ་འཛེར་སྒྲའི་སྦགས་བཙོག་ལ་འབྲེལ་བའི་གནད་དོན5དང་། སྐྱེ་ཁམས་གཏོར་བརླག་ལ་འབྲེལ་བའི་གནད་དོན7། རླུང་ཁམས་ཆེན་མོའི་སྦགས་བཙོག་ལ་འབྲེལ་བའི་གནད་དོན9། ས་གཤིས་སྦགས་བཙོག་ལ་འབྲེལ་བའི་གནད་དོན2། གཞན་པའི་སྦགས་བཙོག་དང་འབྲེལ་བའི་གནད་དོན1བཅས་ཡོད།
མིག་སྔར་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་རང་ཞིང་ལ་སྤྲད་ནས་བསྒྲུབ་ཏུ་བཅུག་པའི་སྐོར་ཐེངས་ཉེར་དྲུག་པའི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གནད་དོན་དག་སོ་སོར་འབྲེལ་ཡོད་ཀྱི་གྲོང་ཁྱེར་དང་ཁུལ། སྡེ་ཁག་བཅས་ལ་སྤྲད་ཡོད་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གོ་རིམ་ལྟར་དུས་ཚོད་དམ་འཛིན་བྱས་ནས་སྒྲུབ་བཞིན་ཡོད།
12月18日,中央第五生态环境保护督察组向青海省交办了第二十六批群众信访举报件共24件(来电21件,来信3件),其中交办重点关注件2件。交办的24件信访举报件涉及全省6个市州,其中西宁市16件、海东市2件、海西蒙古族藏族自治州1件、海南藏族自治州3件、果洛藏族自治州1件、黄南藏族自治州1件。群众举报反映问题涉及噪音污染5件、生态破坏7件、大气污染9件、土壤污染2件、其他污染1件。截至目前,中央第五生态环境保护督察组向我省交办的第二十六批群众信访举报件已经移交相关市州和部门,各地和相关部门正在按照程序抓紧办理。