ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཏང་ཨུས་དོ་དམ་བྱེད་པའི་ཏང་གི་གྲོན་དངུལ་ལས་སྒོར་ས་ཡ་གཅིག་བཏང་སྟེ་ཡོམ་འགོག་རྒུད་སྐྱོབ་ལ་རྒྱབ་སྐྱོར་བྱས།
ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལིས་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་རེ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་སྟེ། ཤུགས་ཆེན་པོས་ཡོམ་འགོག་རྒུད་སྐྱོབ་བྱ་བ་བཟང་བོར་སྒྲུབ་དགོས་པའི་རེ་བ་བཏོན། ད་ལྟ་སྤེལ་བཞིན་པའི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་དམ་པོ་བྱས་ཤིང་། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་དགོངས་པ་སྲ་བརྟན་དུ་ཆགས་པར་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་ནུས་པ་དང་ཏང་ཡོན་གྱི་སྔོན་ཐོན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དཀའ་ཁག་གདོང་གིས་བསུ་བ་དང་ཤུགས་ཆེན་པོས་ཚེ་སྲོག་མྱུར་སྐྱོབ་བྱེད་པ་དང་། གནོད་ཐེབས་མང་ཚོགས་བཀོད་སྒྲིག་གང་ལེགས་བྱས་ནས། དོན་དངོས་ཀྱི་བྱ་སྤྱོད་ལས་བརྗོད་དོན་སློབ་གསོའི་གྲུབ་འབྲས་འབུར་དུ་ཐོན་པར་བྱེད་པ་དང་། ཏང་གི་དར་ཆ་དེ་ཡོམ་འགོག་རྒུད་སྐྱོབ་ཀྱི་ལས་ཡུལ་དང་པོར་བསྐྱོད་དུ་འཇུག་དགོས་ལ། ཏང་གི་གྲོན་དངུལ་དེ་དུས་ལྟར་གཞི་རིམ་ལ་བྱིན་ནས། ཡོམ་འགོག་རྒུད་སྐྱོབ་ཀྱི་ལས་ཡུལ་དང་པོར་འབད་འཐབ་བྱེད་པའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ལ་འཚམས་འདྲི་བྱེད་པ་དང་། གནོད་འཚེའི་དབང་གིས་འཚོ་བར་དཀའ་ཁག་བཟོས་པའི་ཏང་ཡོན་དང་མང་ཚོགས་ལ་འཚམས་འདྲི་བྱེད་པ། གནོད་འཚེའི་དབང་གིས་གཏོར་བཤིག་ཐེབས་པའི་གཞི་རིམ་ཏང་ཡོན་གྱི་སློབ་གསོའི་སྒྲིག་ཆས་སོགས་ཞིག་གསོ་བྱེད་པ་བཅས་ཀྱི་ཐད་དུ་བཀོལ་དགོས། ཆེད་དངུལ་ཆེད་བཀོལ་བྱས་ཏེ། ཟོལ་མེད་ཀྱིས་ཞིང་ཆེན་ཏང་ཨུའི་ཐུགས་ཁུར་དེ་གནོད་ཐེབས་ས་ཁུལ་གྱི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ལ་ཚོར་དུ་འཇུག་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།