ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་མིན་ཧོ་རྫོང་དུ་སོང་ནས་ཡོམ་འགོག་རྒུད་སྐྱོབ་བྱ་བར་ཡུལ་དངོས་བཀོད་འདོམས་བྱས།
2023.12.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

ཟླ12པའི་ཚེས19ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཟླ12པའི་ཚེས18ཉིན་གྱི་ས་ཡོན་གྱི་ཡོམ་འགོག་རྒུད་སྐྱོབ་ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཁྲིན་ཀང་དང་། ཧྲིན་ཀྲང་། ཞིང་ཆེན་ཟླ12པའི་ཚེས་18ཉིན་གྱི་ས་ཡོམ་གྱི་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝུའུ་ཞའོ་ཅུན་གཉིས་རང་ཞིང་གི་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཡུལ་ཚོ་རུ་སོང་ནས། ཡུལ་དངོས་རོགས་སྐྱོབ་དང་གནོད་སྐྱོབ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ས་ཡོམ་གྱི་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱས་ལ། གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། ཡུལ་དངོས་ནས་ཡོམ་འགོག་རྒུད་སྐྱོབ་བྱ་བར་བཀོད་གཏོང་བཀོད་སྒྲིག་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀན་སུའུ་ཀ་ཇུ་ཁུལ་ཅི་ཧྲི་ཧྲན་རྫོང་གི་རིམ་པ6.2ཀྱི་ས་ཡོམ་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྐར་ཆ་རེ་རེ་དམ་འཛིན་བྱེད་པ་དང་ཐབས་བརྒྱ་ཇུས་སྟོང་གིས་ཉེན་གྱར་མི་སྣ་དང་གར་སོང་མི་ཤེས་པའི་མི་སྣ་མྱུར་སྐྱོབ་བྱེད་པ། ཡོད་ཚད་བློས་གཏོང་གིས་རྨས་མ་སྐྱོབ་བཅོས་བྱེད་པ། ཉེན་སེལ་གནོད་སྐྱོབ་དང་ཞིག་གསོ་སླར་གསོ་བྱ་བ་རྒྱུན་མཐུད་ངང་སྤེལ་ནས། ཚད་ཆེས་ཆེ་བའི་སྒོ་ནས་གནོད་ཐེབས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།

མིན་ཧོ་རྫོང་ཀྲུང་ཁྲོན་ཡུལ་ཚོ་ཚོ་ཐན་སྡེ་བ་དང་ཅིན་ཐེན་སྡེ་བ་ནི་གནོད་འཚེ་ཐེབས་ཚད་ཚབས་ཆེ་བའི་ས་ཁུལ་རེད། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཡུལ་དངོས་སུ་སོང་ནས། རོགས་སྐྱོབ་གནས་ཚུལ་དང་དངོས་ཟོག་བཀོད་སྒྲིག མང་ཚོགས་ཀྱི་འཚོ་བའི་འགན་སྲུང་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ནས། རོགས་སྐྱོབ་ཀྱི་དུས་སྐབས་བཟང་བོ་དམ་འཛིན་བྱེད་པ་དང་། རོགས་སྐྱོབ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། གནོད་ཐེབས་མང་ཚོགས་ལ་བཀོད་སྒྲིག་འོས་འཚམ་བྱེད་པ། དུས་ཐོག་ཏུ་སྦྲ་གུར་དང་ཉལ་ཆས་སོགས་དངོས་ཟོག་མཁོ་འདོན་བྱས་ཏེ། ཚད་ཆེས་ཆེ་བའི་སྒོ་ནས་གནོད་འཚེའི་གྱོང་གུན་ཇེ་དམའ་རུ་གཏོང་དགོས། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་མང་ཚོགས་ཀྱི་ཁྲོད་དུ་སོང་ནས། སྡེ་དམངས་ཀྱི་ཞུ་གཏུག་ལ་ཉན་པ་དང་། དཀའ་ཁག་གསལ་བོར་དྲིས་པར་མ་ཟད་ཁོ་ཚོར་སེམས་གསོ་བྱས། ཁྲིན་ཀང་དང་ཝུའ་ཞའོ་ཅུན་གཉིས་ཀྱིས་སྲོག་སྐྱོབ་རྒྱུ་དེ་གོ་གནས་དང་པོར་འཇོག་པ་དང་། སྟོབས་ཤུགས་ཁ་སྣོན་བྱེད་པ། སྟོབས་ཤུགས་ཡོད་རྒུས་ཉེན་གྱར་མི་སྣ་དང་གར་སོང་མི་ཤེས་པའི་མི་སྣ་འཚོལ་སྐྱོབ་བྱེད་པ། རེ་བ་ཉག་ཙམ་ཡོད་ན་སྟོབས་ཤུགས་ཡོད་ཚད་འདོན་དགོས་ཞེས་བསྟན་པར་མ་ཟད། རྫོང་དང་ཡུལ་ཚོའི་ལས་བྱེད་མི་སྣ་ཁྱིམ་ཚང་དུ་སོང་ནས་གནོད་ཐེབས་མང་ཚོགས་ལ་སེམས་ཁུར་བྱེད་པ་དང་། གནོད་སྐྱོབ་དངོས་ཟོག་སྟེར་བ། སེམས་གསོ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་ནས། གནོད་ཐེབས་མང་ཚོགས་ཀྱི་དཀའ་ཁག་དངོས་ཐག་གཅོད་རྒྱུའི་མངགས་བཅོལ་བྱས།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་མཚོ་སྔོན་ཞིང་ཆེན་མེ་གསོད་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག་སྐབས་བསྟུན་བཀོད་འདོམས་པུའུ་རུ་སོང་ནས། བརྙན་རིས་བརྒྱུད་དེ་མྱུར་སྐྱོབ་ཡུལ་དངོས་སོ་སོའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཡུལ་དངོས་ནས་འཕྲལ་བསྟུན་རོགས་སྐྱོབ་དང་སྤྱི་ཚོགས་བདེ་སྐྱོང་། སྨན་བཅོས་སྲོག་སྐྱོབ། དངོས་ཟོག་འགན་སྲུང་། ཉེན་ཁང་གྲལ་བཤེར། ཆ་འཕྲིན་ཁྱབ་བསྒྲགས་སོགས་བྱ་བར་བཀོད་གཏོང་བྱས། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་བྱ་བའི་ཚན་ཆུང་སོ་སོའི་འགན་ཁུར་བློ་མཐུན་ལ་རེ་བ་བཏོན་པ་དང་། ཚང་མས་རེ་རེ་བཞིན་ལས་འགན་དང་ལེན་བྱས་རྗེས། གནོད་སྐྱོབ་ཡུལ་དངོས་སུ་སོང་ནས་བྱ་བ་སྣ་ཚོགས་ལག་བསྟར་བྱས།

ཞིང་ཆེན་གྱི་འགོ་ཁྲིད་ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན་དང་ཀྲུའུ་ཞང་ཧྥིན། ལིས་ཧུང་ཡ། ཧི་ལུའུ་ཁྲུན་བཅས་སོ་སོར་ལྟ་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།