ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་དྲོད་ཚད་དམའ་བའི་གངས་ཆར་འཁྱགས་དར་གྱི་གནོད་འཚེ་འགོག་ཟོན་དང་དེར་ཁ་གཏད་འཇལ་བ་དང་།   ཡོམ་འགོག་རྒུད་སྐྱོབ་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པའི་སྐོར་གྱི་བརྡ་སྦྱོར་པར་འགྲེམ་བྱས།
2023.12.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

ཉེ་ལམ།   ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་དྲོད་ཚད་དམའ་བའི་གངས་ཆར་འཁྱགས་དར་གྱི་གནོད་འཚེ་འགོག་ཟོན་དང་དེར་ཁ་གཏད་འཇལ་བ་དང་།   ཡོམ་འགོག་རྒུད་སྐྱོབ་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པའི་སྐོར་གྱི་བརྡ་སྦྱོར་པར་འགྲེམ་བྱས།

ནང་དོན་ཆ་ཚང་གཤམ་གསལ་ལྟར།

ཉེ་ལམ།   རྒྱལ་ཡོངས་ཀྱི་ས་ཁུལ་མང་པོར་གངས་ཆར་དྲག་པོ་བབས་ནས་གློག་ཤུགས་མཁོ་འདོན་དང་འགྲིམ་འགྲུལ་སྐྱེལ་འདྲེན།  མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་བཅས་ཀྱི་ཐད་ཤུགས་རྐྱེན་ཆེན་པོ་ཐེབས།    དེར་མ་ཟད།     ཀན་སུའུ་ཀ་ཇུ་ཁུལ་ཅི་ཧྲི་ཧྲན་རྫོང་སོགས་ས་ཁུལ་དུ་ས་ཡོམ་བྱུང་སྟེ་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོད་གུད་ཚབས་ཆེན་བཟོས།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲོད་ཚད་དམའ་བའི་གངས་ཆར་འཁྱགས་དར་གྱི་གནོད་འཚེ་འགོག་ཟོན་དང་དེར་ཁ་གཏད་འཇལ་བའི་བྱ་བ་དང་ཀན་སུའུ་ཀ་ཇུ་ཁུལ་ཅི་ཧྲི་ཧྲན་རྫོང་གི་རིམ་པ6.2ཀྱི་ས་ཡོམ་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་ཆེད། བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་དང་ཟུང་འབྲེལ་བྱས་ཏེ་དྲོད་ཚད་དམའ་བའི་གངས་ཆར་འཁྱགས་དར་གྱི་གནོད་འཚེ་འགོག་ཟོན་དང་དེར་ཁ་གཏད་འཇལ་བ་དང་ཡོམ་འགོག་རྒུད་སྐྱོབ་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་སྐོར་ནས་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གཅིག    གནོད་ཁུལ་གྱི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་ཡུལ་དངོས་སུ་སོང་ནས་མཛུབ་སྟོན་དང་གཅིག་གྱུར་བཀོད་གཏོང་བྱས་ཏེ་དྲོད་ཚད་དམའ་བའི་གངས་ཆར་འཁྱགས་དར་གྱི་གནོད་འཚེ་འགོག་ཟོན་དང་དེར་ཁ་གཏད་འཇལ་བ་དང་ཡོམ་འགོག་རྒུད་སྐྱོབ་ཀྱི་འགན་འཁྲི་ཁག་ཁུར་བཟང་བོ་བྱེད་དགོས།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་ཟབ་མོ་བྱས་ཏེ་ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་བ་དང་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་འཛིན་པ།    རང་རྟོགས་ཀྱིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་རྒྱུ་དེ་འགོ་རྩོམ་སར་བྱས་ཏེ་མིག་སྔའི་ཉེན་འགོག་ཉེན་སེལ་རོགས་སྐྱོབ་ཀྱི་ཛ་དྲག་གི་གནས་བབ་ལ་ངོས་འཛིན་ཡང་དག་བྱེད་པ་དང་།    ཚད་མཐའི་བསམ་ཕྱོགས་དང་མ་མཐའི་བསམ་ཕྱོགས་བརྟན་པོར་འཛུགས་པ།    ཉེན་ཁར་ཞིབ་བཤེར་དང་ཉེན་བརྡ་སྔོན་ཇུས།  རྩ་འཛུགས་མཐུན་སྦྱོར།   འཕྲལ་བསྟུན་ཐག་གཅོད་སོགས་ཀྱི་བྱ་བ་སྟོབས་ཤུགས་ཡོད་རྒུས་བཟང་བོར་སྒྲུབ་པ།    མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་གཙོར་འཛིན་པ་བཅས་བྱས་ཏེ་འབད་པ་ཆེན་པོས་རིགས་སོ་སོའི་གྱོང་གུད་ཚད་ཆུང་དུ་གཏོང་བ་དང་འབྲེལ་ཡོད་བདེ་འཇགས་དོན་རྐྱེན་ཚབས་ཆེན་འབྱུང་བར་སྔོན་འགོག་བྱེད་དགོས།     གཅིག་གྱུར་མཐུན་སྦྱོར་དང་རྗེས་འདེད་སྐུལ་སྒྲུབ་ལ་ཤུགས་སྣོན་པ་དང་ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོའི་འགན་འཁྲི་ཇེ་དམ་དུ་གཏོང་བ།    སྡེ་ཁག་མང་པོའི་འཕྲལ་བསྟུན་མཉམ་སྒུལ་ནང་རྐྱེན་འཐུང་ཚང་དུ་བཏང་སྟེ་བདེ་འཇགས་དང་ཤར་གཏོང་།    གློག་འདོན།  དམངས་ཚིས།   གཏན་འཇགས་བཅས་ལ་འགན་སྲུང་བྱེད་པའི་བྱ་བ་སོ་སོ་སྟོབས་ཤུགས་ཡོད་རྒུས་བཟང་བོར་སྒྲུབ་དགོས།    དམག་མི་གདོང་མཆོང་དང་འཐབ་ཕྱོགས་དང་པོར་འགྲོ་བ་དང་གནོད་འཚེ་ཆེས་ཚབས་ཆེ་ས་དང་ཉེན་སེལ་ཐད་ཆེས་དཀའ་ཁག་ཡོད་པ།  མང་ཚོགས་ལ་ཆེས་དགོས་མཁོ་ཡོད་པའི་ས་ཁུལ་དུ་སོང་ནས་ཡུལ་དངོས་མཛུབ་སྟོན་ལ་ཤུགས་སྣོན་པ་དང་དུས་ཐོག་ཏུ་ཉེན་ཁ་དང་གནོད་འཚེའི་གནས་ཚུལ་ཐག་གཅོད་དང་དེར་ཁ་གཏད་འཇལ་དགོས།

གཉིས།     གནོད་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ལས་གནས་བརྟན་སྲུང་དང་མདུན་དུ་བསྐྱོད་དེ་འབད་པ་ཆེན་པོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བཟང་བོ་བྱེད་དགོས།     གནོད་ཐེབས་ས་ཁུལ་གྱི་རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཉེན་སེལ་རོགས་སྐྱོབ་དང་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དྲག་པོ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ལ་འགན་ཆེན་པོ་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་སྟོབས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་བྱ་བའི་ཁྲོད་ཞུགས་པ་དང་།    ཉེན་སེལ་རོགས་སྐྱོབ་ཀྱི་གདོང་ལེན་པ་དང་གནོད་ཁུལ་མི་དམངས་ཀྱི་བསམ་པའི་བརྟེན་ས།   གནོད་ཐེབས་མང་ཚོགས་ཀྱི་བློ་ཉེ་བའི་མི་བཅས་བྱེད་དགོས།    ཉེན་སེལ་རོགས་སྐྱོབ་བྱ་བ་བཟང་བོར་སྒྲུབ་རྒྱུ་དེ་བརྗོད་དོན་སློབ་གསོའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བྱས་ནས་ཉེན་སེལ་རོགས་སྐྱོབ་ལ་བརྟེན་ནས་བསྐྱར་འཛུགས་གྲུབ་འབྲས་སླར་གསོ་དང་མི་དམངས་མང་ཚོགས་ཡིད་ཚིམ་ཚད་ཀྱིས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་དཔྱད་ཞིབ་བྱེད་དགོས།    དྲོད་ཚད་དམའ་བའི་གངས་ཆར་འཁྱགས་དར་གྱི་གནོད་ཐེབས་ས་ཁུལ་གྱིས་འགོག་ཟོན་བྱེད་ཐབས་ཞིབ་ཚགས་ཅན་དུ་གཏོང་བ་དང་འཕྲལ་བསྟུན་སྔོན་ཇུས་འཐུས་ཚང་དུ་གཏོང་བ།    མངོན་མེད་ཉེན་ཁར་ཞིབ་བཤེར་ཟབ་མོ་བྱེད་པ།    གནས་གལ་ཆེན་གྱི་གངས་འཁྱགས་གཙང་སེལ་དང་བདེ་འཇགས་འགོག་སྡོམ་སོགས་བཟང་བོར་སྒྲུབ་ནས་ཚན་རིག་དང་བདེ་འཇགས།  ནུས་ཡོད་བཅས་ཀྱི་སྒོ་ནས་ཉེན་ཁའི་གནས་ཚུལ་ཐག་གཅོད་དགོས།     ཏང་ཡོན་ལས་བྱེད་པ་དང་དང་བླངས་པ་རྩ་འཛུགས་བྱས་ཏེ་འཐབ་ཕྱོགས་དང་པོར་འགྲོ་བ་དང་རོགས་སྐྱོབ་གནོད་སྐྱོབ་བྱ་བ་སྟོབས་ཤུགས་ཡོད་རྒུས་བཟང་བོར་སྒྲུབ་པ།    རོགས་སྐྱོབ་རྒྱུ་ནོར་དང་གྲང་འགོག་དངོས་རྫས་དུས་ཐོག་ཏུ་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་སར་བསྐྱལ་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དཀའ་ཁག་དངོས་ཐག་གཅོད་པར་རོགས་བྱེད་པ་དང་མི་དམངས་མང་ཚོགས་ཀྱིས་བདེ་འཇགས་དྲོད་ཁོལ་ལྡན་པའི་ངང་དགུན་སྐྱེལ་བར་འགན་སྲུང་བྱེད་དགོས།    ས་ཡོམ་གནོད་ཁུལ་གྱི་ཏང་ཡོན་ལས་བྱེད་པས་རླབས་ཆེན་གྱི་ཡོམ་འགོག་རྒུད་སྐྱོབ་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང་དཀའ་ཁག་ལ་མི་འཛེམ་པར་གནོད་ཁུལ་དུ་སོང་ནས་ཉེན་ཁར་ཚུད་པའི་མང་ཚོགས་འཚོལ་སྐྱོབ་དང་རྨས་མ་དུས་ཐོག་ཏུ་སྐྱོབ་བཅོས་བྱེད་པ།   གནོད་ཐེབས་མང་ཚོགས་བཀོད་སྒྲིག་བཟང་བོ་བྱེད་པ།    མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པ།    གནོད་སྐྱོན་ཐེབས་པའི་རྨང་གཞིའི་སྒྲིག་ཆས་མྱུར་དུ་ཞིག་གསོ་བྱེད་པ་བཅས་བྱས་ནས་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་གྱི་གྲ་སྒྲིག་བྱ་བ་བཟང་བོར་སྒྲུབ་དགོས།    གནོད་ཐེབས་ཀྱི་འཐབ་ཕྱོགས་དང་པོ་དང་གནས་སྤོར་གཅིག་བསྡུས་ཁུལ་དུ་གནས་སྐབས་ཏང་རྩ་འཛུགས་བཙུགས་ནས་མང་ཚོགས་ཀྱི་དགོས་མཁོར་རྒྱུས་ལོན་དང་བསམ་བློ་ཆབ་སྲིད་བྱ་བ་སྤེལ་བ།    མང་ཚོགས་ཀྱིས་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པར་རྩ་འཛུགས་བྱེད་པ།   གནོད་ཐེབས་མང་ཚོགས་དང་ལྷག་པར་དུ་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མིར་སེམས་གསོ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་ནས་གནོད་ཁུལ་གྱི་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས།    གནོད་ཁུལ་མང་ཚོགས་ལ་ཁྲིད་སྟོན་བྱས་ནས་རང་སྟོབས་རང་སྤེལ་དང་ཐོན་སྐྱེད་རང་སྐྱོབ་བྱེད་པ་དང་།   ཐོན་ལས་འཕེལ་རྒྱས་དང་ཁྱིམ་གཞིས་འཛུགས་སྐྲུན་བྱས་ནས་གནོད་ཁུལ་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་ངང་སླར་གསོ་བྱེད་དགོས།    གནོད་འཚེ་ཚབས་ཆེ་བའི་ས་ཁུལ་དུ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་སྡེ་བ་དང་གཞིས་ཁུལ་དུ་སོང་ནས་ཐོ་འགོད་བྱེད་པར་རྩ་འཛུགས་བྱས་ཏེ་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་བྱ་བའི་རུ་ཁག་ཉེན་སེལ་རོགས་སྐྱོབ་རུ་ཁག་ཏུ་བསྒྱུར་བར་སྐུལ་འདེད་གཏོང་དགོས།

གསུམ།   གནོད་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་རང་འགུལ་གྱིས་འགན་སྒྲུབ་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དྲོད་ཚད་དམའ་བའི་གངས་ཆར་འཁྱགས་དར་གྱི་གནོད་འཚེ་སྔོན་འགོག་དང་དེར་ཁ་གཏད་འཇལ་བ་དང་ཡོམ་འགོག་རྒུད་སྐྱོབ་ཁྲོད་དུ་འགན་འཁྲི་ཁག་ཁུར་བཟང་བོ་བྱེད་པར་སྐུལ་སློང་བྱེད་དགོས།    གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཉེན་སེལ་རོགས་སྐྱོབ་ཀྱི་འཐབ་ཕྱོགས་དང་པོ་རུ་འགན་འཁྲི་ཆེན་པོ་འཁུར་བ་དང་གདོང་ལེན་པ་བྱེད་པ།   བྱས་རྗེས་འཇོག་པར་སྐུལ་སློང་དང་རྩ་འཛུགས་བྱེད་དགོས།     ཉེན་སེལ་རོགས་སྐྱོབ་ཀྱི་འཐབ་ཕྱོགས་དང་པོར་ལས་བྱེད་པར་ལྟ་ཞིབ་ངོས་འཛིན་བྱས་ནས་ཉེན་སེལ་རོགས་སྐྱོབ་ཁྲོད་ཀྱི་རྣམ་འགྱུར་དེ་ལས་བྱེད་པར་དཔྱད་འཇོག་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བྱེད་དགོས།   གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་ནང་ཞུགས་པའི་མོས་འདུན་ཅན་ལ་ཉམས་ཞིབ་བྱེད་པར་མཛུབ་སྟོན་བྱས་ནས་རྣམ་འགྱུར་བཟང་ཞིང་ཆ་རྐྱེན་དང་མཐུན་པ་དག་དུས་ཐོག་ཏུ་ཏང་ནང་ཞུགས་སུ་འཇུག་དགོས།    ཉེན་སེལ་རོགས་སྐྱོབ་ཁྲོད་མངོན་པའི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་སྔོན་ཐོན་དཔེ་མཚོན་ཤེས་རྟོགས་བྱས་ཏེ་དུས་ཐོག་ཏུ་གཟེངས་བསྟོད་དང་དྲིལ་སྒྲོག་བྱེད་དགོས།    མིག་སྔར་ལོ་མཇུག་ལོ་འགོར་འཁེལ་ཡོད་ཅིང་ལུགས་རྙིང་དང་ལུགས་གསར་ལོ་སར་སླེབས་ལ་ཉེ་བས།  གནོད་ཐེབས་ས་ཁུལ་གྱི་དཀའ་ཁག་ཡོད་པའི་མང་ཚོགས་དང་དཀའ་ཁག་ཡོད་པའི་ཏང་ཡོན་གྱི་འཚམས་འདྲི་དང་རོགས་སྐྱོར་བྱ་བར་མཐོང་ཆེན་དང་དེ་བཟང་བོར་སྒྲུབ་ནས་ཏང་གི་དྲོད་ཁོལ་ཁོ་ཚོའི་སེམས་སྟེང་དུ་སྐྱེལ་དགོས།    འབྲེལ་ཡོད་ཞིང་ཆེན་དང་ཆུའུ།  ཁུལ་བཅས་ཀྱིས་ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཏང་དངུལ་བཀོལ་སྤྱོད་བཟང་བོ་བྱེད་དགོས་པར་མ་ཟད།   དོན་དངོས་དང་ཟུང་འབྲེལ་གྱིས་རིམ་པ་དེ་གས་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་མ་དངུལ་ངེས་ཅན་བཀོད་སྒྲིག་བྱས་ཏེ་ཉེན་སེལ་རོགས་སྐྱོབ་ཐད་བཀོལ་ནས་ཆེད་དངུལ་ཆེད་སྤྱོད་བྱེད་དགོས།

གནོད་ཐེབས་ས་ཁུལ་མ་ཡིན་པའི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར།   མྱུར་དུ་འགུལ་སྐྱོད་སྤེལ་བ་དང་རང་སོ་སོའི་དགེ་མཚན་འདོན་སྤེལ་བྱས་ཏེ་གནོད་ཁུལ་དུ་ཉེན་སེལ་རོགས་སྐྱོབ་དང་གནོད་འཚེའི་རྗེས་སུ་བསྐྱར་འཛུགས་བྱེད་པར་སྟོབས་ཤུགས་ཡོད་རྒུས་རོགས་སྐྱོར་དང་རྒྱབ་སྐྱོར་བྱེད་དགོས།

གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཉེན་སེལ་རོགས་སྐྱོབ་ཁྲོད་བྱེད་ནུས་འདོན་སྤེལ་བྱས་པའི་གནས་ཚུལ་དུས་ཐོག་ཏུ་ཀྲུང་དབྱང་རྩ་འཛུགས་པུའུ་ལ་ཡར་ཞུ་བྱེད་དགོས།

ལྷ་མོ་ཚེ་རིང་གིས་བསྒྱུར།