ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བ་དང་གྲོང་ཁྱེར་དང་ཁུལ་གྱི་སྲིད་གྲོས་ཀྲུའུ་ཞིའི་བཞུགས་མོལ་ཚོགས་འདུ་ཟླ12པའི་ཚེས20ཉིན་གྱི་སྔ་དྲོར་བསྡུས། གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་བྱ་བའི་སྐོར་གྱི་དགོངས་པ་གལ་ཆེན་དང་། མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་བཀོད་སྒྲིག་དང་རེ་བ་དངོས་འབེབས་བྱས་པར་མ་ཟད། ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་འཆར་ཟིན་གྱི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས།
ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ནས་གཏམ་བཤད། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་། ཁོང་ཡུང་། ཝང་ཀྲིན་ཁྲང་། མཱ་ཧྥུན་ཧྲིན། ཐེན་ཁོས། ལིའུ་ཏཱ་ཡེ། མཱ་ཡུའེ་ཞང་བཅས་གྲོས་ཚོགས་ལ་ཞུགས། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཙུའུ་དང་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཙུའུ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་སོ་སོར་ཉིས་སྟོང་ཉེར་གསུམ་ལོའི་ཏང་གི་འཛུགས་སྐྲུན་དང་ལས་འགན་ལག་བསྟར་བྱ་བའི་གནས་ཚུལ་སྙན་ཞུ་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་ཀྲུའུ་ཞི་གཞོན་པས་དཔྱད་འཇོག་བྱས་ནས། མཉམ་དུ་སྲིད་གྲོས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱེད་ཐབས་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས།
མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བ་དང་ལས་འགན་ལག་བསྟར་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ད་ལོར། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཕྱོགས་ཡོངས་ནས་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་དངོས་འབེབས་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་ཏང་གི་འཛུགས་སྐྲུན་དེ་སྲིད་གྲོས་ཀྱི་ལས་འགན་ལག་བསྟར་བྱེད་པའི་བྱ་བའི་བརྒྱུད་རིམ་ཧྲིལ་བོར་བརྒྱུས་ཏེ། བརྗོད་དོན་སློབ་གསོ་སྤེལ་བ་དང་། གྲོས་གླེང་རྟོག་ཞིབ། བཏོན་པའི་གྲོས་གཞི་ཐག་གཅོད། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཁྱབ་བསྒྲགས་བྱེད་པ། ལས་འགན་ལག་བསྟར་བྱེད་པའི་སྙན་པ་རྒྱས་པར་བྱེད་པ། བརྡ་འཕྲིན་ཅན་གྱི་འཛུགས་སྐྲུན། འཕེལ་རྒྱས་ཀྱི་ཞན་ཆ་ཁ་གསབ་བྱེད་པ་སོགས་ཕྱོགས་བཅུ་གཉིས་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་རྣམ་པ་གསར་བ་གསར་གཏོད་བྱས་ཡོད། རིམ་པ་སོ་སོའི་སྲིད་གྲོས་ཀྱི་ཏང་ཙུའུ་ཡིས་ནན་ཏན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས། ཞིང་ཆེན་ཏང་ཨུ་བཅས་ཀྱི་བཀོད་སྒྲིག་དང་རེ་བ་དངོས་འབེབས་བྱེད་པ་དང་། དཀྱིལ་སྙིང་དང་ཆེ་ཕྱོགས་ལ་དམ་པོར་དམིགས་ནས་ཏང་གི་འཛུགས་སྐྲུན་དང་ལས་འགན་ལག་བསྟར་བྱ་བའི་མཉམ་འདྲེས་ལ་ཤུགས་སྣོན་བྱས་ཏེ། ཤུགས་ཆེན་པོས་སྲིད་གྲོས་བྱ་བའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ཟེར།
མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཏང་གི་འགོ་ཁྲིད་ནི་སྲིད་གྲོས་ཀྱི་བླ་སྲོག་ཡིན་ལ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་ནི་སྲིད་གྲོས་ཀྱི་བླང་བྱ་ཡིན་པ་དང་། དམངས་ཀྱི་ཆེད་དུ་གྲོས་མོལ་བྱེད་པ་ནི་སྲིད་གྲོས་ཀྱི་འགན་འཁྲི་དང་། ངོས་འཛིན་གཅིག་མཐུན་ནི་སྲིད་གྲོས་ཀྱི་རྩ་བ་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་དང་། ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་གཏིང་ཟབ་ཏུ་བཏང་སྟེ། རྒྱ་ཆེའི་ཨུ་ཡོན་གྱིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་པའི་ཐད་ཁྲིད་སྟོན་བྱེད་དགོས། ཏང་གིས་སྲིད་གྲོས་བྱ་བའི་ཁྱོན་ཡོངས་ལ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། འཚོལ་ཞིབ་གསར་སྐྲུན་ཧུར་ཐག་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྲིད་གྲོས་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་སྲ་བརྟན་དུ་གཏོང་བ་དང་། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྤུས་ཚད་མཐོ་བའི་ཏང་འཛུགས་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ་སྲིད་གྲོས་བྱ་གཞག་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་ཁྲིད་སྟོན་བྱེད་དགོས། སྤུས་ཚད་ཀྱི་ཚད་གཞི་མཐའ་འཁྱོངས་ཀྱིས་སང་ལོའི་བྱ་བ་སོ་སོ་ཇུས་འགོད་ཞིབ་ཚགས་བྱས་ཏེ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་དང་། གཙོ་གནད་ཐོག་གྲོས་མོལ་སྲིད་གླེང་བྱེད་པ། མཐུན་སྒྲིལ་ཆེན་པོའི་མཉམ་འབྲེལ་ཆེན་མོ། གྲོས་གཞི་སྒྲུབ་པ། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་པ་དང་ཇེ་ལེགས་སུ་གཏོང་བ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདུན་པ་མཚོན་པའི་ཆ་འཕྲིན་སོགས་ཐད་ཀྱི་དངོས་སྒྲུབ་ཀྱི་ཕན་འབྲས་དངོས་གཉེར་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འབུངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས།