སྐབས་བཞི་པའི་མཚོ་སྔོན་གྱི་མིག་དཔེའི་དྲིལ་སྒྲོག་ཁྱབ་བསྒྲགས་བྱ་འགུལ་ཟི་ལིང་དུ་བསྡུས།
2023.12.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་སྤྱིའི་བཟོ་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་ལུས་རྩལ་ཅུའུ། ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས། མཚོ་སྔོན་སློབ་ཆེན་བཅས་ཀྱིས་རོགས་སྒྲུབ་བྱས་ལ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་འགན་ཁུར་ནས་བསྒྲུབས་པའི་སྐབས་བཞི་པའི་མཚོ་སྔོན་གྱི་མིག་དཔེའི་དྲིལ་སྒྲོག་ཁྱབ་བསྒྲགས་བྱ་འགུལ་ཟི་ལིང་དུ་བསྡུས།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་སྔོན་ཆད་ཀྱི་པུའུ་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་གསར་གཉིས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲུའུ་ཀྲི་ཀའོ། ཞིང་ཆེན་ལུས་རྩལ་བྱ་བའི་རུ་ཁག་དང་པོའི་རྩལ་འཁྲིད་པ་དང་ལུས་རྩལ་པ་ཆོས་དབྱིངས་སྐྱིད། མཚོ་སྔོན་སློབ་ཆེན་སྐེ་ཚེ་རྒྱུད་འཛིན་སོན་གསོ་རུ་ཁག་བཅས་ལ་སྐབས་བཞི་པའི་མཚོ་སྔོན་གྱི་མིག་དཔེའི་མཚན་སྙན་ཐོབ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་མཚོ་སྔོན་གྱི་མིག་དཔེའི་འཐུས་ཚབ་པར་ཐུག་འཕྲད་བྱས། ཁོས་བསྟན་དོན། མཚོ་སྔོན་ནི་མཚོ་འཕགས་མཐོ་བའི་ས་ཆ་ཡིན་ལ། བསམ་པའི་མཐོ་ས་དེ་ལས་ཀྱང་ཡིན་པས། མིག་དཔེ་ཚོས་རང་ཉིད་ཀྱི་འཇོན་ཐང་འདོན་སྤེལ་བྱེད་པ་དང་། རླབས་ཆེན་ཏང་འཛུགས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་གསར་བ་འཇོག་དགོས། མིག་དཔེ་ལ་སེམས་ཁུར་དང་གཟིགས་སྐྱོང་བྱེད་པ་དང་། མིག་དཔེའི་གཏམ་རྒྱུད་བཤད་དགོས། མིག་དཔེའི་དྲང་ཕྱོགས་ཀྱི་སྐུལ་སློང་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱེད་པ། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་དགའ་བ། མཚོ་སྔོན་དར་སྤེལ་གཏོང་བའི་སྤྲོ་སེམས་ཆེར་སྐྱེད་པ། ཁག་ཁུར་དངོས་གཉེར་དང་བྱས་རྗེས་བཞག་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

བྱ་འགུལ་གྱིས་བརྙན་རིས་གཏོང་བ་དང་། བརྗེ་རེས་གླེང་མོལ་བྱེད་པ། ཡུལ་དངོས་འཁྲབ་སྟོན་བྱེད་པ། རིག་རྩལ་ལེ་ཚན་སོགས་ཀྱི་རྣམ་པ་བརྒྱུད་དེ་ཟུར་ངོས་མང་པོ་ནས་མིག་དཔེའི་མི་སེམས་འགུལ་བའི་གཏམ་རྒྱུད་བཤད་དེ། ཁོ་ཚོའི་བློ་དཀར་ཡིད་བརྟན་གྱི་ཆབ་སྲིད་རང་གཤིས་དང་ལས་དོན་གཙོར་འཛིན་པའི་ཁག་ཁུར་སྙིང་སྟོབས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་སྤྱི་ཞབས་པའི་བརྩེ་སེམས་མངོན་པར་བྱས་ཡོད།

རིན་ཆེན་མཚོས་བསྒྱུར།