ཟླ12པའི་ཚེས20ཉིན་གྱི་ཕྱི་དྲོ། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་བྱ་བའི་བཞུགས་མོལ་གྲོས་ཚོགས་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྦང་ཀྲིན་ཁྲང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཀྲུའུ་ཞི་གཞོན་པ་ལིའུ་ཏ་ཡའེ་དང་མཱ་ཡུའེ་ཞང་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་ཞི་ཅིན་ཕིང་གི་རིག་གནས་བསམ་བློའི་དགོངས་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་བྱ་བའི་ཡིག་ཆ་དང་འདྲི་གཞི་གདམ་གསེས་མཐུན་སྦྱོར་འཆར་འགོད་བྱ་བའི་ཞིབ་འཇུག་དང་གྲོས་བསྡུར་བཞུགས་མོལ་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་དང་ཁུལ་ཁ་ཤས་ཀྱི་སྲིད་གྲོས་འགན་ཁུར་བློ་མཐུན་དང་སྲིད་གྲོས་ཨུ་ཡོན། ཆེད་ལས་མཁས་པ་བཅས་ཀྱིས་དུས་རབས་གསར་བའི་རིག་གནས་ལོ་རྒྱུས་བྱ་བར་སྐུལ་འདེད་གཏོང་བའི་ཐད་བསམ་འཆར་དང་གྲོས་གཞི་བཏོན།
མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱིས་མི་དམངས་སྲིད་གྲོས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བྱས་པ་དང་། རིག་གནས་ལོ་རྒྱུས་བྱ་བར་སྲིད་གྲོས་ཀྱི་ཁྱད་ཆོས་མངོན་པར་བྱས་ལ། ཕན་འབྲས་ལྡན་པའི་བྱ་བ་གང་མང་བསྒྲུབ་ནས་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ། ཕན་འབྲས་བཟང་པོ་གང་མང་བྱུང་ཡོད་ཅིང་མཚོ་སྔོན་སྲིད་གྲོས་ཀྱི་མིའི་འགན་འཁྲིའི་ཁག་ཁུར་དང་སྤྱོད་ཚུལ་བཟང་པོ་མངོན་པར་བྱས་ཡོད་པས་ང་ཚོས་དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་རིག་གནས་ལོ་རྒྱུས་ཡིག་ཆའི་བྱ་བའི་ཐད་མཛུབ་སྟོན་འདོན་སྤྲོད་བྱས་ཡོད་ལ། ཡུན་རིང་བོར་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། ཁོས་ནན་གྱིས་བསྟན་དོན། སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་བྱ་བའི་ཆབ་སྲིད་ཁ་ཕྱོགས་ཡང་དག་པ་དམ་འཛིན་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་བྱ་བའི་སྤྱིའི་རྩ་འཛིན་དུ་བྱེད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་དུས་རབས་གསར་བའི་རིག་གནས་ལོ་རྒྱུས་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་ལག་བསྟར་ནན་མོ་བྱེད་པ་། ཆབ་སྲིད་སྟེང་རིག་གནས་ལོ་རྒྱུས་བྱ་བར་འཆར་འགོད་དང་སྐུལ་འདེད་གཏོང་བ། སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་བྱ་བའི་ཁྱད་ཆོས་དང་ཆོས་ཉིད་ལ་གོ་བ་ཡང་དག་ལེན་པ། རིག་གནས་ལོ་རྒྱུས་ཡིག་ཆའི་བྱ་བའི་ཆུ་ཚད་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་དགོས། དེང་རབབ་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་ཀྱི་སྤྱི་ཡོངས་ལ་དམ་དུ་སྦྲེལ་ནས་རིག་གནས་ལོ་རྒྱུས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་སྲིད་གྲོས་ཀྱི་ཁྱད་ཆོས་འཛོམས་པ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པ་དང་། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་ལེན་བྱས་པ་གསོན་ཉམས་ལྡན་པའི་ངང་མངོན་པར་བྱེད་པ་དང་མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། དམར་པོའི་རིག་གནས་དང་སྲིད་གྲོས་བྱ་བ་སོགས་གཙོ་གནད་ནང་དོན་འབུར་དུ་ཐོན་པར་བྱས་ནས་མཚོ་སྔོན་ལ་རྐང་བཙུགས་ནས་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་བྱ་བའི་ལས་འགན་སྒྲུབ་དགོས། རིག་གནས་ལོ་རྒྱུས་བྱ་བའི་རྣམ་པ་རྒྱ་བསྐྱེད་པ་དང་འབྲེལ་ཡོད་ཀྱི་སྒྲིག་སྲོལ་ཞིབ་འཇུག་དང་གཏན་ཁེལ་བྱས་ཏེ། འགན་འཁྲིའི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་འཆར་འགོད་དང་སྣེ་ཁྲིད་ལ་ཤུགས་སྣོན་པ། འཁོར་སྐྱོད་དང་བརྒྱུད་སྒྲོག་གཙིགས་སུ་བཟུང་ནས་ལོ་རྒྱུས་ཉར་ཚགས་དང་རྒྱལ་སྐྱོང་སྲིད་འཛིན། མཐུན་སྒྲིལ། མི་གསོ་སྐྱོང་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། སྲིད་གྲོས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དེབ་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྔར་ལས་བཟང་པའི་ཞབས་ཞུ་བསྒྲུབ་པ་དང་བྱས་རྗེས་གསར་བ་འཇོག་དགོས།
མི་ཕམ་མགོན་པོས་བསྒྱུར།