མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྙན་ཞུ་ཚོགས་འདུ་བསྡུས།
2023.12.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ཐུན་མོང་གླེང་མོལ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ལས་ཁུངས་ཀྱི་བཟོ་ཚོགས་ལས་བྱེད་པས་དུས་རབས་གསར་བའི་བཟོ་ཚོགས་བྱ་བ་བཟང་བོར་བསྒྲུབ་པའི་ནུས་པ་དང་འཇོན་ཐང་སྔར་ལས་མཐོར་འདེགས་གཏོང་ཆེད། ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཀྲུང་གོའི་བཟོ་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་དང་ཞིང་ཆེན་བཟོ་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཟུར་ཁྲིད་སྙན་ཞུ་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཧྥན་གྱིས་ཆེད་དོན་འཆད་ཁྲིད་བྱས།

སྙན་ཞུའི་ཚོགས་འདུའི་སྟེང་། ཀྲའོ་ཧུའེ་ཧྥན་གྱིས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་དམ་འཛིན་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྒྱུས་ལོན་ཟབ་མོ་བྱས་ནས། བཟོ་ཚོགས་བྱ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ། ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་གོ་བ་ཟབ་མོ་ལེན་པ་དང་། ཕྱོགས་ཡོངས་ནས་རྒྱུས་ལོན་ཡང་དག་བྱེད་པ། དམིགས་འབེན་ལས་འགན་གཞིར་བཟུང་ནས། ལས་ཁུངས་ཀྱི་བཟོ་ཚོགས་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་བ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་ནས། སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་དམ་འཛིན་བྱེད་པ་བཅས་ཕྱོགས་ལྔར་དམིགས་ནས་འགྲེལ་བཤད་གསལ་བོ་བྱས། ཆེད་དོན་འཆད་ཁྲིད་ཐད་ནས་གཞུང་ལུགས་ཀྱི་གོ་དོན་ཟབ་མོ་ལྡན་པ་མ་ཟད། བྱ་བའི་བསམ་ཕྱོགས་ཀྱང་གསལ་བོ་ཡོད་ལ། ཕྱོགས་ཡོངས་དང་ཆ་ཚང་བ་དང་། དོན་ཟབ་གོ་སླ་དང་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་བྱས་ཡོད་ལ། ལས་ཁུངས་ཀྱི་བཟོ་ཚོགས་བྱ་བ་དམ་འཛིན་བྱེད་པའི་ཐད་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན།

བཟོ་ཚོགས་ཀྱི་ལས་བྱེད་པ་ཡོངས་ཀྱིས། ཐེངས་འདིའི་ཟུར་ཁྲིད་སྙན་ཞུ་ཚོགས་འདུ་གོ་སྐབ་སུ་བརྩི་བ་དང་། ལས་ཁུངས་ཀྱི་བཟོ་ཚོགས་ཀྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ། བཟོ་ཚོགས་ཀྱི་གསར་གཏོད་གཞུང་ལུགས་དང་བཟོ་ཚོགས་ཀྱི་བསམ་བློ་བཟོ་བ་དང་མང་ཚོགས་ཁྲོད་བརྒྱུད་སྒྲོག་བྱེད་པ། ཀྲུང་གོ་བཟོ་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་དང་ཞིང་ཆེན་བཟོ་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་བས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ལྟར། བཟོ་ཚོགས་ཀྱི་བྱ་བ་སྣ་ཚོགས་ཇི་མ་ཇི་བཞིན་དུ་ལག་ལེན་མཐར་ཕྱིན་བྱེད་དགོས།

ཞིང་ཆེན་ཏང་ཨུའི་སྡེ་ཁག་སོ་སོ་དང་ཞིང་ཆེན་ཐད་གཏོགས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་སྐོར་ཞིག་གི་བཟོ་ཚོགས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། བཟོ་ཚོགས་ཨུ་ཡོན་བཅས་མི་བརྒྱ་དང་བཞི་བཅུ་ལྷག་ཉིན་དེའི་ཟུར་ཁྲིད་སྙན་ཞུ་ཚོགས་འདུར་ཞུགས།

རིན་ཆེན་མཚོས་བསྒྱུར།