ཀྲུང་གོའི་ཡེ་ཤེས་ཆོས་ལུགས་ཀྱི་འཐུས་མིའི་གྲོས་ཚོགས་ཐེངས་བཅུ་གཅིག་པ་ཚེས20ཉིན་ནས་ཚེས21ཉིན་བར་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཡེ་ཤེས་ཆོས་ལུགས་ཀྱི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་འགོ་ཁྲིད་ཚན་ཁག་གསར་རྙིང་གི་ཁོངས་མིར་མཇལ་འཕྲད་གནང་བར་མ་ཟད། ཚོགས་ཞུགས་འཐུས་མི་ཡོངས་དང་ལྷན་དུ་མཉམ་པར་བསྐྱོན། ཝང་ཧུའུ་ཉིང་གིས་ཚོགས་འདུ་བདེ་བླག་ངང་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། ཡེ་ཤེས་ཆོས་ལུགས་ཀྱི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་འགོ་ཁྲིད་ཚན་ཁག་གསར་རྙིང་གི་ཁོངས་མི་དང་། ཚོགས་ཞུགས་འཐུས་མི་ཡོངས་དང་རྒྱལ་ཡོངས་ཀྱི་ཡེ་ཤེས་ཆོས་ལུགས་ལས་རིགས་ཀྱི་གྲོགས་པོ་ཚོར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས། ཁོས་བསྟན་དོན། ཀྲུང་གོའི་ཡེ་ཤེས་ཆོས་ལུགས་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཆུད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་བྱས་ཏེ། ཡེ་ཤེས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་སྣེ་ཁྲིད་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། སྐབས་གསར་པའི་ཡེ་ཤེས་ཆོས་ལུགས་ཀྱི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱིས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཆ་ཚང་ལ་ཡང་དག་པའི་སྒོ་ནས་གོ་བ་ལེན་པ་དང་ལག་བསྟར་བྱེད་པ་དང་། མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། ཡེ་ཤེས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་སྣེ་ཁྲིད་ནས་རྒྱལ་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རང་རྒྱལ་གྱི་ཡེ་ཤེས་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། རང་བཙན་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ཁྱོན་ཡོངས་ནས་ཆོས་ལུགས་ནན་སྐྱོང་བྱ་དགོས། རང་བཙན་རང་བདག་དང་། འདྲ་མཉམ་མཛའ་མཐུན། ཕན་ཚུན་བརྩི་འཇོག་བཅས་ཀྱི་རྨང་གཞིའི་སྟེང་ཕྱི་ཕྱོགས་དང་མཛའ་མཐུན་བརྗེ་རེས་དང་ཀྲུང་གོའི་ཆོས་ལུགས་ཀྱི་གཏམ་རྒྱུད་ཡག་པོ་བཤད་དགོས།
ཧྲི་ཐའེ་ཧྥིན་ཐུག་འཕྲད་ལ་ཞུགས།