ལིས་ཆང་གིས་ཀན་སུའུ་དང་མཚོ་སྔོན་གྱི་ས་ཡོམ་གནོད་ཐེབས་ས་ཁུལ་དུ་ཞིབ་བཤེར་མཛུབ་སྟོན་གནང་།
2023.12.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 63

ཟླ12པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཀན་སུའུ་དང་མཚོ་སྔོན་གྱི་ས་ཡོམ་གནོད་ཐེབས་ས་ཁུལ་དུ་ཕེབས་ནས། གནོད་ཐེབས་མང་ཚོགས་ཀྱིས་དགུན་ཁ་བདེ་འཇགས་ངང་སྐྱེལ་བའི་ལས་དོན་ལ་བཀོད་སྒྲིག་གནང་བ་དང་། གནོད་ཐེབས་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་དང་མཛུབ་སྟོན་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ གནོད་ཐེབས་མང་ཚོགས་ལ་སེམས་ཁྲལ་ཆེན་པོ་གནང་གིན་འདུག ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། མི་དམངས་གོང་དུ་བཀུར་རྒྱུ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཡོམ་འགོག་གནོད་སེལ་གྱི་ལས་དོན་ཁག་ཡག་དག་པར་བསྒྲུབས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་གང་ལེགས་བྱེད་དགོས་ཞེས་གསུངས།


ཟླ12པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཀན་སུའུ་དང་མཚོ་སྔོན་གྱི་ས་ཡོམ་གནོད་ཐེབས་ས་ཁུལ་དུ་ཕེབས་ནས། གནོད་ཐེབས་མང་ཚོགས་ཀྱིས་དགུན་ཁ་བདེ་འཇགས་ངང་སྐྱེལ་བའི་ལས་དོན་ལ་བཀོད་སྒྲིག་གནང་བ་དང་། གནོད་ཐེབས་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་དང་མཛུབ་སྟོན་གནང་། འདི་ནི་ལིས་ཆང་གིས་ཀན་སུའུ་ཞིང་ཆེན་ཅིས་ཧྲི་ཧྲན་ཏ་ཧི་ཅཱ་གྲོང་རྡལ་ཏ་ཧི་གྲོང་ཚོའི་བཀོད་སྒྲིག་བྱེད་ས་རུ་གནོད་ཐེབས་མང་ཚོགས་དང་བསམ་ཚུལ་བརྗེ་རེས་གནང་བའི་ཚུལ་རེད།

ལིས་ཆང་སྔ་རྗེས་སུ་ཀན་སུའུ་ཞིང་ཆེན་ཅིས་ཧྲི་ཧྲན་རྫོང་ཏ་ཧི་ཅཱ་གྲོང་རྡལ་ཏ་ཧི་གྲོང་ཚོ་དང་ཁྲིན་ཅཱ་གྲོང་ཚོ། མེ་ཕོ་གྲོང་ཚོ། མཚོ་སྔོན་ཞིང་ཆེན་མིན་ཧི་རྫོང་ཀྲུང་ཁྲོན་ཡུལ་ཚོའི་ཚའོ་ཐན་གྲོང་ཚོ་དང་མེ་དབྱི་གྲོང་ཚོ་བཅས་སུ་ཕེབས་ནས། གནོད་ཐེབས་ས་ཁུལ་ལ་ཡུལ་དངོས་ནས་གཟིགས་ཞིབ་གནང་བ་དང་། བཀོད་སྒྲིག་བྱ་ཡུལ་དུ་ཕེབས་ནས་གནོད་ཐེབས་མང་ཚོགས་དང་བསམ་བློ་བརྗེ་རེས་གནང་བ་ལས་གཞན། ས་གནས་དེ་གའི་ལས་བྱེད་པ་བརྒྱུད་དེ། མང་ཚོགས་བཀོད་སྒྲིག་དང་དངོས་ཟོག་འགན་ལེན། སྟབས་བདེའི་ཁང་པ་བསྐྲུན་པ་སོགས་ཐད་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། ལིས་ཆང་གིས་འཐབ་ས་དང་པོ་རུ་འབད་འཐབ་བྱེད་མཁན་གྱི་རོགས་སྐྱོབ་དང་ཨར་ལས་ཕྱོགས་ཀྱི་མི་སྣར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོ་ཚོས་ཡང་འབད་བསྐྱར་འབད་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། ཡོམ་འགོག་གནོད་སེལ་གྱི་ཛ་དྲག་ཅན་གྱི་བྱ་བ་འདི་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་རེ་བ་བཏོན། ལིས་ཆང་གིས་མིག་སྔར་གནོད་ཐེབས་ས་ཁུལ་གྱི་མཚན་མོའི་དྲོད་ཚད་ཧ་ཅང་དམའ་བའི་དབང་གིས། བཀོད་སྒྲིག་གི་ཆ་རྐྱེན་སྔར་ལས་ཇེ་ལེགས་སུ་བཏང་སྟེ། གནོད་ཐེབས་མང་ཚོགས་ལ་སྡོད་གནས་ཡོད་པ་དང་ཟ་མ་ཁོལ་མ་ཟ་རྒྱུ་ཡོད་པ། གྲང་ངར་གྱིས་མི་མནར་བ་བཅས་ཡོང་བར་འགན་ལེན་བྱེད་དགོས། ལིས་ཆང་གིས་ས་གནས་དེ་གའི་ཏང་ཡོན་ལས་བྱེད་པར་གཞི་རིམ་ཏང་རྩ་འཛུགས་ཀྱི་ཡོམ་འགོག་རྒུད་སྐྱོབ་ཀྱི་ནུས་པ་དང་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱས་ནས། གནོད་ཐེབས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡིད་ཆེས་བརྟན་གཏོང་དང་དཀའ་གནད་མཉམ་སྒྲོལ་བྱ་རྒྱུའི་ཐད་ནས་སྐུལ་ལྕག་གནང་།

ཟླ12པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཀན་སུའུ་དང་མཚོ་སྔོན་གྱི་ས་ཡོམ་གནོད་ཐེབས་ས་ཁུལ་དུ་ཕེབས་ནས། གནོད་ཐེབས་མང་ཚོགས་ཀྱིས་དགུན་ཁ་བདེ་འཇགས་ངང་སྐྱེལ་བའི་ལས་དོན་ལ་བཀོད་སྒྲིག་གནང་བ་དང་། གནོད་ཐེབས་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་དང་མཛུབ་སྟོན་གནང་། འདི་ནི་ལིས་ཆང་གིས་མཚོ་སྔོན་ཞིང་ཆེན་མིན་ཧི་རྫོང་ཀྲུང་ཁྲོན་ཡུལ་ཚོའི་མེ་དབྱི་གྲོང་ཚོའི་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱེད་ས་རུ།  ས་གནས་དེ་གའི་ལས་བྱེད་པ་བརྒྱུད་དེ། མང་ཚོགས་བཀོད་སྒྲིག་དང་དངོས་ཟོག་འགན་ལེན། སྟབས་བདེའི་ཁང་པ་བསྐྲུན་པ་སོགས་ཐད་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བའི་ཚུལ་རེད།

ལིས་ཆང་གིས་ཀན་སུའུ་ཞིང་ཆེན་ཅིས་ཧྲི་ཧྲན་རྫོང་ཡོམ་འགོག་གནོད་སེལ་བཀོད་འདོམས་པུའུ་ནས། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་དང་འབྲེལ་ཡོད་ཕྱོགས་ཀྱི་ལས་དོན་སྙན་ཞུར་གསན་ཏེ། དུས་མཚམས་གོང་མའི་ཡོམ་འགོག་གནོད་སེལ་ལས་དོན་ལ་ཁས་ལེན་གང་ལེགས་གནང་བར་མ་ཟད། མ་འོངས་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་གནང་། ཁོང་གིས་གནོད་ཐེབས་མང་ཚོགས་ཀྱིས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྐྱེལ་ཐུབ་པར་བྱ་རྒྱུ་ནི་མིག་སྔའི་ལས་དོན་འགངས་ཆེན་ཞིག་ཡིན། དུས་ཚོད་བརྩོན་ལེན་བྱས་ཏེ། གནོད་སེལ་དངོས་ཟོག་དང་འཚོ་བའི་མཁོ་ཆས་འཕྲལ་མར་བཀོད་སྒྲིག་བྱ་ཡུལ་དང་མང་ཚོགས་ཀྱི་ལག་ཏུ་འབྱོར་བར་བྱེད་རྒྱུ་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་སྟབས་བདེའི་ཁང་པ་བསྐྲུན་ཏེ། མིག་སྔའི་གུར་ནང་བཀོད་སྒྲིག་བྱས་ཡོད་པའི་གནོད་ཐེབས་མང་ཚོགས་གང་མགྱོགས་ངང་གནས་སྤོ་ཐུབ་པར་བྱེད་དགོས་པ་མ་ཟད། འཁྱག་འགོག་དྲོད་སྲུང་དང་ཟས་རིགས་བདེ་འཇགས། མེ་ཟོན་སྐོར་ཞིབ་སོགས་ཀྱི་ལས་དོན་ཏན་ཏིག་ངང་སྒྲུབ་དགོས། ཡོམ་ཁུལ་གྱི་ཁང་པར་ཚོད་སྐོར་བྱ་རྒྱུ་དམ་འཛིན་བྱས་ནས། བདེ་འཇགས་ཀྱི་བླང་བྱ་དང་འཚམ་པའི་རིགས་རང་མོས་ཀྱི་རྩ་དོན་གཞིར་བཟུང་ནས་མང་ཚོགས་གོ་རིམ་ལྡན་པའི་ངང་ཁྱིམ་དུ་ལོག་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། ཞིག་གསོའི་ཆ་རྐྱེན་དང་མཐུན་པའི་རིགས་གང་མགྱོགས་ངང་ཞིག་གསོ་ཐུབ་པར་བྱེད་དགོས། སྒྲིག་ཆས་སྣ་ཚོགས་དང་ལྷག་པར་དུ་སློབ་གྲྭ་དང་སྨན་ཁང་སོགས་དམིགས་བསལ་གནས་ཡུལ་གྱི་ཞིག་གསོ་བརྟན་གཏོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ཉེན་ཁ་དང་འགལ་རྐྱེན་མཐའ་དག་སེལ་ནས། བདེ་འཇགས་སླར་གསོ་དང་གྲོང་ཁྱེར་སླར་གསོ་ཡོང་བར་འགན་ལེན་བྱེད་དགོས། དཔྱིད་ཀ་ཚེས་རྗེས་ཀྱི་ཁྱོན་ཡོངས་སླར་གསོ་དང་བསྐྱར་སྐྲུན་གྱི་འཆར་འགོད་སྔ་སྣུར་སྒོས་ཡག་པོ་བཟོ་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། གནོད་ཐེབས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སྔར་ལས་ཇེ་ལེགས་སུ་གཏོང་རོགས་བྱས་ནས། གནོད་འཚེ་ལ་རྐྱེན་བྱས་ཏེ་ཁྱབ་ཅུང་ཆེ་བའི་དབུལ་པོ་ཡང་བསྐྱར་མི་འབྱུང་རྒྱུ་སྔོན་འགོག་བྱེད་དགོས། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་ཡག་པོ་བྱེད་པ་དང་། སྨན་བཅོས་མི་སྣ་བཀོད་སྒྲིག་དང་སྒྲིག་ཆས་འཛད་གྲོན་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ།སྨན་བཅོས་ཇུས་གཞི་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། འབད་བརྩོན་ཆེན་པོས་ཚེ་སྲོག་མྱུར་སྐྱོབ་དང་རྨས་སྐྱོན་གྱི་ཚད་ཇེ་ཉུང་དུ་གཏོང་དགོས། རྒྱུན་སྤྱོད་སྨན་གྲ་སྒྲིག་གང་ལེགས་བྱས་ཏེ། འཕྲོད་བསྟེན་རིམས་འགོག་གི་ལས་དོན་ཡག་པོ་བསྒྲུབས་ནས། དུས་ཐོག་ཏུ་སེམས་ཁམས་ཁྲིད་སྟོན་བྱས་ཏེ་གནོད་ཐེབས་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ལ་འགན་ལེན་བྱེད་དགོས། གནོད་ཐེབས་ས་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོབ་ནན་མོ་བྱས་ནས། གནོད་སེལ་གནས་ཚུལ་དུས་ཐོག་དང་གོ་རིམ་ལྡན་པའི་ངང་ཁྱབ་སྒྲོག་བྱེད་རྒྱུ་དང་། སྤྱི་ཚོགས་ཀྱི་དོ་ཁུར་ལ་འབད་པས་ཨ་ལན་སྟེར་བ། སྔོན་ཐོན་དཔེ་བཟང་དྲིལ་སྒྲོག་ཡག་པོ་བྱེད་པ་བཅས་བྱས་ཏེ། མི་སེམས་ལ་སྔར་ལས་སྐུལ་མ་ཐེབས་པར་བྱེད་དགོས། རིམ་པ་སོ་སོའི་ལས་བྱེད་པས་མང་ཚོགས་ཀྱི་ལས་དོན་སྔར་ལས་ཏན་ཏིག་དང་ཞིབ་ཚགས་ངང་བསྒྲུབས་ནས། གནོད་ཐེབས་མང་ཚོགས་ཀྱི་དཀའ་ངལ་གྱི་རེ་ཞུ་དུས་ཐོག་ཏུ་ཤེས་རྟོགས་བྱས་ཏེ། གནད་དོན་དངོས་ཐག་གཅོད་བྱེད་རོགས་བྱས་ནས། ཁོང་ཚོར་ཏང་དང་སྲིད་གཞུང་གི་དྲོད་ཁོལ་ཚོར་ཐུབ་པར་བྱེད་དགོས་ཞེས་གསུངས།

ཝུའུ་ཀྲིན་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།