རྒྱལ་ཡོངས་ཀྱི་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་སུམ་ཅུ་ལོན་པར་རྗེས་དྲན་ཞུ་བའི་བགྲོ་གླེང་ཚོགས་འདུ་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་མགོ་རྩོམ་པའི་མཛད་སྒོར་ཞུགས་ཏེ་གཏམ་བཤད་སྤེལ། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་སུམ་ཅུ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ཏེ། བློ་མཐུན་མའོ་ཙེ་ཏུང་གི་རླབས་ཆེན་གྲུབ་འབྲས་ལ་རྗེས་དྲན་ཟབ་མོ་ཞུ་བ་དང་། བློ་མཐུན་མའོ་ཙེ་ཏུང་གི་འོད་སྟོང་འབར་བའི་དགོངས་པ་དང་བླ་མེད་བསམ་བློའི་རྣམ་པ་རྒྱུན་འཛིན་དར་སྤེལ་བྱེད་པ། རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱས་ནས། ལོ་རྒྱུས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཐོབ་ཤོར་མི་བསམ་པར་འབད་བརྩོན་ལྷོད་མེད་བྱེད་པ་དང་། ཞིབ་འཇུག་གི་གྲུབ་འབྲས་གསར་བ་དང་རིགས་གཞུང་གི་གོང་སྤེལ་གསར་བ། གཞུང་ལུགས་ཀྱི་གསར་གཏོད་གསར་བ་བཅས་བཀོལ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
ཚའེ་ཆི་ཡིས་བསྟན་དོན། མའོ་ཙེ་ཏུང་གི་དགོངས་པ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་ཀྲུང་གོའི་གསར་གཏོད་རང་བཞིན་གྱི་བེད་སྤྱོད་དང་འཕེལ་རྒྱས་ཡིན་ཞིང་། ལག་ལེན་ལས་ར་སྤྲོད་བྱུང་བའི་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་གྱི་ཡང་དག་པའི་གཞུང་ལུགས་རྩ་དོན་དང་ཉམས་མྱོང་སྤྱི་བསྡོམས་ཡིན་ལ། རྟག་བརྟན་བདེན་ལུགས་ཀྱི་འོད་ཟེར་འཕྲོ་ཞིང་ཐུན་མོང་མ་ཡིན་པའི་དུས་རབས་ཀྱི་རིན་ཐང་ལྡན། མའོ་ཙེ་ཏུང་གི་དགོངས་པར་ཞིབ་འཇུག་གཏིང་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཆེས་མཐོའི་ཆབ་སྲིད་རྩ་དོན་དམ་འཛིན་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བཟང་བོར་སྒྲུབ་པ། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ། ཟུང་འབྲེལ་གཉིས་ཀྱི་ཁྲོད་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཉམས་རྟོགས་གསར་བ་གསར་འབྱེད་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་པ་དང་། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་དང་ཚན་རིག གཞུང་ལུགས་ལས་རིགས་བཅས་ཀྱི་ཕྲག་ཏུ་བབས་པའི་ལས་འགན་ལྗིད་མོ་བསྐྱུར་ཐབས་མེད་ལ། རང་རྟོགས་ཀྱིས་སྲོལ་རྒྱུན་བཟང་བོ་དར་སྤེལ་དང་དུས་རབས་ཀྱི་གྲོས་གཞིར་ལན་བཏབ་ནས། ཧུར་ཐག་སྒོས་སྤུས་ཚད་མཐོ་བའི་ཞིབ་འཇུག་གྲུབ་འབྲས་སྔར་ལས་མང་བོ་ལེན་དགོས།
ལིས་ཧྲུའུ་ལེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།