ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་བཀའ་ཁྱབ་སྟེང་མཚན་བཀོད་དེ་དམག་དཔུང་གི་སྐྱེལ་འདྲེན་སྐྱེལ་སྤྲོད་སྲོལ་ཡིག་ཁྱབ་བསྒྲགས་བྱས།
2023.12.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་བཀའ་ཁྱབ་སྟེང་མཚན་བཀོད་དེ།   དམག་དཔུང་གི་སྐྱེལ་འདྲེན་སྐྱེལ་སྤྲོད་སྲོལ་ཡིག་ཁྱབ་བསྒྲགས་བྱས་པ་དང་།  ཉིས་སྟོང་ཉེར་བཞི་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

སྲོལ་ཡིག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དགོངས་པ་དང་དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ཡོད་པར་མ་ཟད།  འགོ་ཁྲིད་ཀྱི་བཀོད་འདོམས་སྒྲིག་གཞི་གསར་པ་དང་མཐུན་པར་བྱས་ཡོད་ལ།  འགན་འཁྲིའི་དབྱེ་མཚམས་གསལ་འབྱེད་དང་བྱ་བའི་འབྲེལ་བ་གཏན་འཁེལ་གསལ་བོ་བྱས་ཡོད་པ་དང་།  འཁོར་སྐྱོད་སྒྲིག་གཞི་ཚད་ལྡན་དུ་བཏང་ནས་དུས་རབས་གསར་པའི་སྐྱེལ་འདྲེན་སྐྱེལ་སྤྲོད་འཛུགས་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཁྲིམས་སྐྱོང་གི་འགན་སྲུང་དང་ལམ་ལུགས་ཀྱི་བསྲུང་བྱ།   ལག་ལེན་གྱི་བྱེད་ཐབས་བཅས་འདོན་སྤྲོད་བྱས་ཡོད།

སྲོལ་ཡིག་ལ་བསྡོམས་པས་ལེའུ་བརྒྱད་དང་དོན་ཚན་ང་བརྒྱད་ཡོད་པ་དང་།   བསམ་བློའི་སྣེ་ཁྲིད་འབུར་ཐོན་དང་དམག་གྲབས་དམག་འཐབ་གཅིག་བསྡུས།   བཅོས་སྒྱུར་གསར་སྐྲུན་རྒྱུན་འཁྱོངས། མ་ལག་ཇུས་འགོད་ལ་མཐོང་ཆེན་བཅས་བྱས་ཏེ་སྟོབས་དང་ལྡན་པའི་དེང་རབས་ཅན་གྱི་མཁོ་སྒྲུབ་འཛུགས་སྐྲུན་བྱེད་པའི་བླང་བྱ་དོན་འཁྱོལ་བྱས་ཡོད་པ་དང་།   སྒྲིག་གཞིའི་ནང་རྐྱེན་དང་འགན་ནུས་ངེས་གནས།   རྩ་འཛུགས་གོ་རིམ་སོགས་ཕྱོགས་ནས་དུས་རབས་གསར་པའི་སྐྱེལ་འདྲེན་སྐྱེལ་སྤྲོད་བྱ་བ་ལེགས་སྒྲིག་དང་ཚད་ལྡན་དུ་བཏང་སྟེ་སྐྱེལ་འདྲེན་སྐྱེལ་སྤྲོད་ནུས་པ་དང་སྤུས་ཚད་ཕན་འབྲས་མཐོར་འདེགས་གཏོང་ཆེད་ནུས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད།

ལྷ་མོ་ཚེ་རིང་གིས་བསྒྱུར།