ཀྲུང་དབྱང་གི་ཕྱི་དོན་བྱ་བའི་གྲོས་ཚོགས་པེ་ཅིང་དུ་འཚོགས།
2023.12.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཀྲུང་དབྱང་གི་ཕྱི་དོན་བྱ་བའི་གྲོས་ཚོགས་ཟླ12པའི་ཚེས27ནས་ཚེས28བར་དུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་། 

ཀྲུང་དབྱང་གི་ཕྱི་དོན་བྱ་བའི་གྲོས་ཚོགས་ཟླ12པའི་ཚེས27ནས་ཚེས28བར་དུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་བཅས་ཚོགས་འདུར་ཞུགས།

ཀྲུང་དབྱང་གི་ཕྱི་དོན་བྱ་བའི་གྲོས་ཚོགས་ཟླ12པའི་ཚེས27ནས་ཚེས28བར་དུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིན་ཞུའེ་ཞང་། ལིས་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་བཅས་ཚོགས་འདུར་ཞུགས།

ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ཉམས་མྱོང་རྩ་ཆེན་ལ་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་གནང་བ་དང་། སྐྱོད་ལམ་གསར་པའི་སྟེང་གི་ཕྱི་དོན་ལ་འཕྲད་པའི་རྒྱལ་སྤྱིའི་ཁོར་ཡུག་དང་ཕྲག་སྟེང་གི་ལོ་རྒྱུས་ལས་འགན་རྒྱས་བཤད་ཟབ་མོ་གནང་ནས། མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཕྱི་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་། ལིས་ཆང་གིས་ཚོགས་འདུར་མགོ་འཛིན་གནང་སྐབས་ཞི་ཅིན་ཕིང་གི་ཕྱི་དོན་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སྐྱོད་ལམ་གསར་པའི་སྟེང་གི་ཕྱི་དོན་བྱ་བ་ཡག་པོར་སྒྲུབ་དགོས་པར་མ་ཟད།  ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེར་གོ་བ་མཐིལ་ཕྱིན་ལེན་པ། ལག་བསྟར་དོན་འཁྱོལ་བྱེད་དགོས་པ་བཅས་ཀྱི་ཐད་བླང་བྱ་བཏོན།

གྲོས་ཚོགས་ལས་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་གྱི་སྐྱོད་ལམ་སྟེང་དུ། ཕྱི་དོན་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། གཅིག་ནས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་དངོས་སུ་གྲུབ་པ་དང་དེ་འཕེལ་རྒྱས་སུ་བཏང་བ་དང་། ཀྲུང་གོའི་ཕྱི་འབྲེལ་གྱི་གཞུང་ལུགས་དང་ལག་ལེན་གྱི་ཡུལ་ཁམས་གསར་པ་བཏོད་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་གཏོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། གཉིས་ནས་རང་རྒྱལ་གྱི་ཕྱི་འབྲེལ་ལ་མངའ་བའི་ཀྲུང་གོའི་ཁྱད་ཆོས་མངོན་གསལ་ཅན་དང་ཀྲུང་གོའི་རང་གཤིས། ཀྲུང་གོའི་ཉམས་འགྱུར་བཅས་མངོན་པར་བྱས་ཡོད་ལ། རང་རྟོན་རང་སྤེལ་དང་བློ་རྒྱ་ཆེན་པོ། སྒོ་འབྱེད་ཁོང་ཡངས་བཅས་ཀྱི་རྒྱལ་ཁབ་ཆེན་པོའི་སྣང་བརྙན་མངོན་པར་བཞེངས་ཡོད། གསུམ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་དར་སྤེལ་བཏང་ནས། མིའི་རིགས་ཀྱི་སྤྱི་ཚོགས་ཐུན་མོང་འཕེལ་རྒྱས་དང་ཡུན་སྐྱོང་བདེ་འགོད། ཤེས་རིག་དཔྱད་གཞིར་འཛིན་པ་བཅས་ཀྱི་ཡང་དག་པའི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། བཞི་ནས་གཙོ་འཛིན་གྱི་ཕྱི་འབྲེལ་འཐབ་ཇུས་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་གལ་ཆེན་རང་བཞིན་དང་དགེ་མཚན་རང་བཞིན་གྱི་ནུས་པ་ཉིན་བཞིན་འདོན་སྤེལ་གང་ལེགས་བྱས་ཡོད། ལྔ་ནས་ཕྱོགས་སོ་སོའི་བར་གྱི་འབྲེལ་བར་ཕྱོགས་ཡོངས་ནས་ཇུས་འགོད་བྱས་ཏེ། ཞི་བདེ་མཉམ་གནས་དང་སྤྱི་ཡོངས་བརྟན་པོ། དོ་སྙོམས་འཕེལ་རྒྱས་བཅས་ཀྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་རྣམ་པ་བསྐྲུན་རྒྱུར་སྐུལ་འདེད་བཏང་ཡོད། དྲུག་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་བཀོད་པ་རྒྱ་ཆེར་བཏང་ནས། ཁྱབ་ཁོངས་རྒྱ་ཆེ་བ་དང་སྤུས་ཚད་མཐོ་བའི་འཛམ་གླིང་ཧྲིལ་པོའི་རོགས་རེས་འབྲེལ་བའི་དྲ་རྒྱ་བསྐྲུན་ཡོད། བདུན་ནས་སྤུས་ཚད་མཐོ་བའི་སྒོ་ནས་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་སྐུལ་འདེད་བཏང་ནས། འཛམ་གླིང་སྟེང་གི་ཁྱབ་ཁོངས་རྒྱ་ཆེ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་བསྐྲུན་ཡོད། བརྒྱད་ནས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། བློ་རྩ་བརྟན་པོ་དང་ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་ནུས་ལྡན་བྱས་ཡོད། དགུ་ནས་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་ཁྲོད་འབད་པས་ཞུགས་ནས། རྒྱལ་སྤྱིའི་མ་ལག་དང་སྒྲིག་ལམ་སྒྱུར་བཅོས་ཁ་ཕྱོགས་ལ་སྣེ་ཁྲིད་བྱས་ཡོད། བཅུ་ནས་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་ཤུགས་བསྣན་ནས། ཕྱི་འབྲེལ་ལས་དོན་གྱི་མཐུན་སྦྱོར་ཆེན་པོའི་རྣམ་པ་སྔར་ལས་སྲ་བརྟན་དུ་བཏང་ཡོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ལོ་བཅུའི་ནང་ང་ཚོས་ཕྱི་ཕྱོགས་ལས་དོན་ཁྲོད་ཀྱག་ཀྱོག་མི་ཉུང་བ་ཞིག་བརྒྱུད་པ་དང་། དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་སྐྲུན་བྱས་པར་བརྟེན། རང་རྒྱལ་ཕྱི་འབྲེལ་གྱི་འཐབ་ཇུས་ཀྱི་རང་བདག་རང་བཞིན་དང་རང་འགུལ་རང་བཞིན་མངོན་གསལ་ངང་ཆེ་རུ་ཕྱིན་ཡོད། རང་རྒྱལ་ནི་རྒྱལ་སྤྱིའི་སྟེང་ཤན་ཤུགས་དང་གསར་གཏོད་སྣེ་ཁྲིད་ཀྱི་ནུས་པ། བདེན་ལུགས་ཀྱི་འབོད་སྐུལ་བྱེད་ནུས་བཅས་སྔར་ལས་ཆེན་པོ་ལྡན་པའི་འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་གྱུར་ཡོད།

གྲོས་ཚོགས་ལས་བསྟན་དོན། དུས་རབས་གསར་པའི་ཕྱི་འབྲེལ་ལས་དོན་གྱི་ལག་ལེན་ཁྲོད་ང་ཚོས་ཉམས་མྱོང་རྩ་ཆེན་རབ་དང་རིམ་པ་བསགས་ཡོད། ངེས་པར་དུ་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་འཛམ་གླིང་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་གཏོང་། རྒྱལ་སྤྱིའི་བདེན་ལུགས་ཀྱི་མཐོ་གནོན་བཙན་ས་བརྟན་པོར་འཛིན་པ། མཐུན་སྒྲིལ་སྒོས་འཛམ་གླིང་གི་མང་ཕྱོགས་བརྩོན་ལེན་བཅས་བྱེད་དགོས། ངེས་པར་དུ་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མཚོན་པར་བྱེད་རྒྱུ་དང་། རང་བཙན་རང་བདག་གི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། འཛམ་གླིང་བརྟན་བརླིང་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལ་འབད་དགོས། ངེས་པར་དུ་མ་ལག་གི་འདུ་ཤེས་བཙུགས་ཏེ། ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་སྤྱི་ཁོག་གི་ལྟ་བར་བརྟེན་ནས་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ། ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པ། རང་དབང་རང་འཛིན་བཅས་བྱེད་དགོས། ངེས་པར་དུ་དག་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་ཕྱི་འབྲེལ་གྱི་སྲོལ་རྒྱུན་བཟང་པོ་དང་རྩ་བའི་ཁ་ཕྱོགས་བརྟན་སྲུང་བྱེད་དགོས་པ་དང་མཉམ་དུ། གསར་སྤེལ་ཡར་བརྩོན་བྱས་ཏེ་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། བཙན་དབང་གི་ཆབ་སྲིད་དང་བཙན་བཟུང་གི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་རིགས་ཀྱི་ལ་རྒྱར་སྲུང་སྐྱོབ་ནུས་ལྡན་བྱེད་དགོས། ངེས་པར་དུ་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་འོག་ཏུ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ནས་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། འཛམ་གླིང་གི་འཕོ་འགྱུར་ཆེན་པོ་འགྲོས་མགྱོགས་པོའི་ངང་འཕེལ་བཞིན་ཡོད་ཅིང་། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མ་མྱོང་བའི་རྣམ་པའི་ངོས་ནས་འཕེལ་བཞིན་ཡོད། འཛམ་གླིང་འདི་ཉིད་ཟང་ཟིང་གི་འཕོ་འགྱུར་གསར་པའི་དུས་སྐབས་སུ་སླེབས་ཡོད་ནའང་། མིའི་རིགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་གྱི་ཁ་ཕྱོགས་ཆེན་པོར་འགྱུར་ལྡོག་འགྲོ་མི་སྲིད་པ་དང་། འཛམ་གླིང་གི་ལོ་རྒྱུས་ཀྱག་ཀྱོག་ངང་མདུན་སྐྱོད་བྱེད་པའི་གཏན་ཚིགས་ཆེན་པོར་འགྱུར་ལྡོག་འགྲོ་མི་སྲིད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལས་དབང་དང་ཐུན་མོང་གི་འཕེལ་ཕྱོགས་ཆེན་པོར་འགྱུར་ལྡོག་འགྲོ་མི་སྲིད་པའི་དབང་གིས། གནད་འདིའི་ཐད་ང་ཚོར་ལོ་རྒྱུས་ཀྱི་གདེང་ཚོད་ཆེན་པོ་ཡོད་དགོས།

གྲོས་ཚོགས་ལས་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ན། རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་གསར་པར་འཕྲད་ཡོད། སྐྱོད་ལམ་གསར་པའི་སྟེང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་འདི་ཉིད། བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཐུབ་པའི་དུས་རིམ་གསར་པ་ཞིག་ཏུ་སླེབས་ལ་ཉེ་བས། ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོར་དམ་པོར་དམིགས་ཏེ། བརྟན་ཐོག་ཡར་འཕེལ་དང་གསར་གཏོད་ཏན་ཏིག་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་རྒྱུ་དང་། ཀྲུང་གོའི་ཕྱི་འབྲེལ་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཁྱབ་ཁོངས་གསར་སྐྲུན་བྱེད་པ། རང་རྒྱལ་དང་འཛམ་གླིང་གི་འབྲེལ་བའི་རྣམ་པ་གསར་པ་བསྐྲུན་པ་བཅས་བྱས་ནས། རྒྱལ་སྤྱིའི་སྟེང་གི་རང་རྒྱལ་གྱི་ཤུགས་རྐྱེན་འཇོག་ནུས་དང་འབོད་སྐུལ་ནུས་པ། གསར་གཏོད་ནུས་པ་བཅས་མཐོ་ཚད་གསར་པ་ཞིག་ཏུ་འཕེལ་བར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཕན་པའི་རྒྱལ་སྤྱིའི་ཁོར་ཡུག་བསྐྲུན་པ་དང་སྔར་ལས་བརྟན་པའི་འཐབ་ཇུས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་པར་འདོད།

གྲོས་ཚོགས་ལས་བསྟན་དོན། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ནི་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་འདུ་ཤེས་གཙོ་བོ་ཞིག་ཡིན་ལ། ང་ཚོས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བཅངས་པའི་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། འཛམ་གླིང་གང་འདྲ་ཞིག་བསྐྲུན་རྒྱུ་དང་ཇི་ལྟར་བྱས་ནས་འཛམ་གླིང་འདི་ཉིད་བསྐྲུན་རྒྱུར་སྤྲད་པའི་ཀྲུང་གོའི་ཇུས་གཞི་ཞིག་ཡིན་པས། གནད་འདིའི་སྟེང་ནས་ཀྲུང་གོ་གུང་ཁྲན་ཏང་མིའི་འཇིག་རྟེན་གྱི་ལྟ་བ་དང་སྒྲིག་ལམ་གྱི་ལྟ་བ། རིན་ཐང་གི་ལྟ་བ་བཅས་མཚོན་ཡོད་ལ། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཡོངས་ཁྱབ་བསམ་འདུན་དང་འཚམ་པ་དང་། འཛམ་གླིང་གི་ཤེས་རིག་ཡར་ཐོན་གྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པར་མ་ཟད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་དོན་གཉེར་གྱི་བླ་མེད་དམིགས་འབེན་ཡང་ཡིན། དུས་རབས་གསར་པའི་ཚུན་ལ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དེ་ཀྲུང་གོ་ནས་གྲོས་འགོ་བཏོན་པ་དང་། དེས་རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་རྒྱ་བསྐྱེད་བཏང་བ་དང་། མཛེས་སྡུག་ལྡན་པའི་ཕུགས་འདུན་དེ་ཕུན་སུམ་ཚོགས་པའི་ལག་ལེན་དུ་བསྒྱུར་ཡོད་ལ། འདུ་ཤེས་ཀྱི་འདོད་ཚུལ་དེ་ཚན་རིག་དང་མཐུན་པའི་མ་ལག་ཏུ་བསྒྱུར་ནས། དུས་རབས་མདུན་སྐྱོད་ལ་སྣེ་ཁྲིད་བྱེད་པའི་དར་ཆ་ཆེན་པོ་ཞིག་ཏུ་གྱུར་ཡོད། མདོར་བསྡུས་ནས་བཤད་ན། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དེ་ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་འབྱེད་ཁོངས་ཡངས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་བསྐྲུན་རྒྱུ་དེ་འབད་བརྩོན་དམིགས་འབེན་དུ་འཛིན་རྒྱུ་དང་། མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་མངོན་འགྱུར་ཐབས་ལམ་དུ་འཛིན་པ། མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་ལག་བསྟར་བྱ་རྒྱུ་དེ་ཡོངས་ཁྱབ་བསྲུང་བྱ་རུ་འཛིན་པ། རྒྱལ་སྤྱིའི་འབྲེལ་བ་གསར་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་གཞི་རྩའི་འདེགས་སྐྱོར་དུ་བྱེད་པ། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་འཛམ་གླིང་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ འཛམ་གླིང་ཧྲིལ་པོའི་ཤེས་རིག་གི་གྲོས་འགོ་བཅས་འཐབ་ཇུས་ཀྱི་སྣེ་སྟོན་དུ་བཟུང་ནས། མཉམ་དུ་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་ལག་ལེན་གྱི་ལས་སྟེགས་སུ་བྱས་ཏེ། རྒྱལ་ཁབ་སོ་སོས་ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་འཇལ་བ་དང་ཐུན་མོང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ནས། འཛམ་གླིང་འདི་ཉིད་ཞི་བདེ་དང་བདེ་འཇགས། དར་རྒྱས། ཡར་ཐོན་བཅས་ཀྱི་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་བསྟན་དོན། དེང་སྐབས་འཛམ་གླིང་ལ་འཕྲད་པའི་གནད་དོན་གལ་ཆེན་རབ་དང་རིམ་པའི་འགྲན་སློང་ལ་དམ་པོར་དམིགས་ཏེ། ང་ཚོས་འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཅན། ཁོང་ཡངས་ཅན་གྱི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་དར་སྤེལ་གཏོང་གིན་ཡོད། འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་གྱིས་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་རྒྱུ་དང་། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འཕེལ་བར་སྐུལ་སྤེལ་ཏན་ཏིག་བྱ་རྒྱུ་དེ་ཡིན། སྣེ་མང་ཅན་གྱི་འཕེལ་རིམ་སྤྱིའི་ཆ་ནས་བརྟན་པོ་ཡིན་པར་དགེ་མཚན་ལྡན་པའི་ངང་འགན་ལེན་བྱེད་པར། ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་མཉམ་དུ་བརྩི་སྲུང་བྱེད་པ་དང་། ཡོངས་ཁྱབ་ཏུ་ཁས་ལེན་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་མཉམ་དུ་རྒྱུན་འཁྱོངས་བྱེད་པ། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བཅས་བྱེད་དགོས། ཀུན་ལ་ཕན་ཞིང་ཁོང་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་ནི་རྒྱལ་ཁབ་སོ་སོ་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཡོངས་ཁྱབ་བླང་བྱ་དང་བསྟུན་ནས། ཐོན་ཁུངས་འཛམ་གླིང་ཧྲིལ་པོར་བཀོད་སྒྲིག་བྱས་པ་ལས་བྱུང་བའི་རྒྱལ་ཁབ་སོ་སོའི་བར་དང་རྒྱལ་ཁབ་སོ་སོའི་ནང་ཁུལ་གྱི་འཕེལ་རྒྱས་དོ་མི་མཉམ་པའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཡིན། འཛམ་གླིང་ཧྲིལ་པོ་ཅན་ལས་ལྡོག་པ་དང་བདེ་འཇགས་ཅན་ལས་ལྡོག་པའི་བསམ་སྦྱོར་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། རྣམ་པ་སྣ་ཚོགས་ཀྱི་ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་རྒྱུ་དང་། ཚོང་དོན་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ། འཛམ་གླིང་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་འགོག་རྐྱེན་བཟོ་བའི་སྒྲིག་གཞི་རང་བཞིན་གྱི་དཀའ་གནད་སེལ་བ་བཅས་བྱས་ནས། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་འདི་ཉིད་སྒོ་འབྱེད་དང་ཁོང་ཡངས། ཀུན་ཕན།དོ་སྙོམས་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་བླང་བྱ་བཏོན་དོན། མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཕྱི་འབྲེལ་ལས་དོན་གྱིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་ཕྱི་འབྲེལ་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་འབེན་ལས་འགན་དང་ཚད་བསྡུར་བྱས་ཏེ། རང་རྟོན་རང་སྤེལ་དང་སྒོ་འབྱེད་ཁོངས་ཡངས། བདེན་ལུགས་དྲང་བདེན། མཉམ་ལས་གཉིས་ཕན་བཅས་ཀྱི་བྱེད་ཕྱོགས་རྩ་དོན་རྒྱུན་འཁྱོངས་སྒོས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་གཙོ་རྐང་དེར་དམ་པོར་དམིགས་ནས་འཐབ་ཇུས་བཀོད་སྒྲིག་ལ་ཤུགས་སྣོན་པ་དང་། དུས་བསྟུན་མདུན་སྐྱོད་སྒོས་འཐབ་ཇུས་ཀྱི་བཀོད་སྒྲིག་ལ་ཤུགས་སྣོན་པ། ཕྱི་འབྲེལ་གྱི་བཀོད་སྒྲིག་ཟབ་སྤེལ་དང་འཐུས་ཚང་དུ་གཏོང་བ། གནད་དོན་གྱི་ཁྲིད་ཕྱོགས་མངོན་གསལ་ཅན་དུ་གཏོང་བ། མ་ལག་ཚང་བའི་བསམ་གཞིག་སྤྱོད་པ། སྔར་ལས་ཕྱོགས་བསྡུས་ཀྱི་སྒོ་ནས་ཕྱི་འབྲེལ་འཐབ་ཇུས་ཀྱི་ལས་འགན་ཁ་གསལ་བཟོ་བ་བཅས་བྱས་ཏེ། སྔར་ལས་ཧུར་བརྩོན་དང་རང་འགུལ་གྱི་ལོ་རྒྱུས་ཀྱི་འགན་འཁྲི་དང་། སྔར་ལས་གསོན་ཤུགས་ལྡན་པའི་གསར་གཏོད་སྙིང་སྟོབས་ལ་བརྟེན་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་རྣམ་པ་གསར་འབྱེད་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། ཕྱི་འབྲེལ་གྱི་དག་སྲུང་གསར་གཏོད་ནི་སྐྱོད་ལམ་གསར་པའི་སྟེང་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་གྱི་རྣམ་པ་གསར་སྐྲུན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་སྔར་ལས་ཡག་པོ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་ཡིན། བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱིས་རང་ཉིད་ལ་གོ་མཚོན་སྤྲས་རྒྱུར་ཤུགས་སྣོན་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པ། ཕྱི་འབྲེལ་དཔུང་སྡེའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཕྱི་དོན་བྱ་བའི་ཚན་རིག་རང་བཞིན་དང་སྔོན་དཔག་རང་བཞིན། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཕྱི་འབྲེལ་གྱི་དབང་ཆ་ཆེན་པོ་ཏང་ཀྲུང་དབྱང་ལ་ཡོད་པ་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རང་རྟོགས་ངང་རྒྱུན་འཁྱོངས་བྱེད་པ། ཏང་གིས་ཕྱི་ཕྱོགས་ལས་དོན་ལ་མགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་ལ་སྔར་ལས་ཤུགས་སྣོན་པ་བཅས་བྱེད་དགོས། ས་གནས་དང་སྡེ་ཁག་སོ་སོས་ཕྱོགས་ཡོངས་ལ་བསམ་བློ་གཏོང་བ་དང་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ། ཏང་ཀྲུང་དབྱང་གི་ཕྱི་ཕྱོགས་ལས་དོན་གྱི་ཇུས་ཆོད་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་ལག་བསྟར་དོན་འཁྱོལ་བྱེད་དགོས།

ཝང་དབྱི་ཡིས་སྤྱི་སྡོམ་གཏམ་བཤད་སྤེལ། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ། ཚོང་དོན་པུའུ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་མཉམ་འབྲེལ་ཇུས་འདོན་པུའུ། ཡུན་ནན་ཞིང་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་དང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱས་ཡོད་པའི་འཐུས་ཚབ་ཚོགས་པའི་འཐུས་མིས་བརྗེ་རེས་གཏམ་བཤད་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་བཅས་ཚོགས་འདུར་ཞུགས།

ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་སོ་དང་། འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག ཀྲུང་དབྱང་གིས་དོ་དམ་བྱེད་ཀྱིན་པའི་དངུལ་རྩའི་ལས་ཁུངས་ཁག་ཅིག་གི་འགན་འཁུར་བློ་མཐུན་གཙོ་བོ། ཕྱིར་སྡོད་གཞུང་ཚབ་ཆེན་མོ་དང་། གཞུང་ཚབ་ཆེན་མོའི་ཐོབ་ཐང་ལྡན་པའི་སྤྱི་ཁྱབ་གཞུང་ཚབ་པ། རྒྱལ་སྤྱིའི་རྩ་འཛུགས་སུ་བཅའ་སྡོད་བྱས་པའི་འཐུས་མི་སོགས་གྲོས་ཚོགས་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།