ཟླ12པའི་ཚེས29ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཞི་ཅིན་ཕིང་དང་ཚའེ་ཆི་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། 2023ལོའི་ཕྱིར་སྡོད་གཞུང་ཚབ་བྱ་བའི་ཚོགས་འདུར་ཞུགས་པའི་གཞུང་ཚབ་པ་ཡོངས་ལ་མཇལ་འཕྲད་གནང་།
ཟླ12པའི་ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། 2023ལོའི་ཕྱིར་སྡོད་གཞུང་ཚབ་བྱ་བའི་ཚོགས་འདུར་ཞུགས་པའི་གཞུང་ཚབ་པ་ཡོངས་ལ་མཇལ་འཕྲད་གནང་ནས་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ དུས་རབས་གསར་པའི་ཚུན་གྱི་ཕྱི་འབྲེལ་ལས་དོན་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ནས། གཞུང་ཚབ་པ་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་གི་ཕྱི་དོན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་མོ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་ལག་བསྟར་ནན་མོ་བྱས་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་ཕྱི་ཕྱོགས་ལས་དོན་ལ་འཕྲད་པའི་རྒྱལ་སྤྱིའི་ཁོར་ཡུག་དང་ཕྲག་སྟེང་གི་ལོ་རྒྱུས་ལས་འགན་ལ་ངོས་འཛིན་ཡང་དག་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་བླང་བྱ་བཏོན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་མཇལ་འཕྲད་ལ་ཞུགས།
ཟླ12པའི་ཚེས29ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཞི་ཅིན་ཕིང་དང་ཚའེ་ཆི་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། 2023ལོའི་ཕྱིར་སྡོད་གཞུང་ཚབ་བྱ་བའི་ཚོགས་འདུར་ཞུགས་པའི་གཞུང་ཚབ་པ་ཡོངས་ལ་མཇལ་འཕྲད་གནང་།
ཟླ12པའི་ཚེས29ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཞི་ཅིན་ཕིང་དང་ཚའེ་ཆི་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། 2023ལོའི་ཕྱིར་སྡོད་གཞུང་ཚབ་བྱ་བའི་ཚོགས་འདུར་ཞུགས་པའི་གཞུང་ཚབ་པ་ཡོངས་ལ་མཇལ་འཕྲད་གནང་།
ཆུ་ཚོད་བཅུ་གཅིག་དང་སྐར་མ་བཞི་བཅུའི་སྟེང་དུ། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཕེབས་པ་ན། ཚོགས་རའི་མི་ཡོངས་ཀྱིས་དགའ་བསུ་ཆེན་པོ་བྱས། ཞི་ཅིན་ཕིང་སོགས་ཀྱིས་གཞུང་ཚབ་པ་ཚོར་ཕྱག་གཡུག་གནང་ནས་གུས་འདུད་ཞུས་པ་དང་། ཚང་མ་དང་མཉམ་དུ་བྱམས་བརྩེའི་ངང་གསུང་གླེང་མཛད་པར་མ་ཟད། དྲན་རྟེན་མཉམ་པར་བསྐྱོན།
ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་འདས་ཟིན་པའི་ལོ་འགའི་རིང་ལ། རིམས་ནད་གང་སར་མཆེད་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ང་ཚོར་གནོན་ཤུགས་བྱིན་པ་དང་བཀག་འགོག་ཟམ་མི་ཆད་པར་བྱས་པའི་དབང་གིས། ཕྱི་འབྲེལ་ལས་དོན་དམིགས་བསལ་གྱི་འགྲན་སློང་དང་འཕྲད་ཅིང་། ཚང་མས་ཀྱང་དམིགས་བསལ་གྱི་ཚོད་བགམ་ཐེག་ཡོད། ལོ་འགའི་རིང་ལ། བློ་མཐུན་ཚོས་ས་ཆ་གཞན་ནས་དུས་ཆེན་རོལ་ཏེ་རྒྱལ་ཁབ་ཀྱི་ཆེད་དུ་འབད་འཐབ་བྱས་པ་དང་། རང་ཉིད་ཀྱི་ཁྱིམ་ཚང་ཆུང་ངུ་དོར་ནས་ཁྱིམ་ཚང་ཆེན་པོར་ཞབས་འདེགས་ཞུས་པར་མ་ཟད། འཛམ་གླིང་གི་ས་གནས་སོ་སོ་རུ་འབད་འཐབ་གང་ལེགས་བྱས་ནས་ཚང་མས་དཀའ་ལས་ཆེན་པོ་བརྒྱབ་ཡོད་ཅེས་གསུངས། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་ནས་གཞུང་ཚབ་པ་དང་ཕྱི་འབྲེལ་འཐབ་ཕྱོགས་ཀྱི་བློ་མཐུན་ཡོངས་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་།
ཟླ12པའི་ཚེས29ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཞི་ཅིན་ཕིང་དང་ཚའེ་ཆི་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། 2023ལོའི་ཕྱིར་སྡོད་གཞུང་ཚབ་བྱ་བའི་ཚོགས་འདུར་ཞུགས་པའི་གཞུང་ཚབ་པ་ཡོངས་ལ་མཇལ་འཕྲད་གནང་། འདི་ནི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བའི་ཚུལ་རེད།
ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ཡོད་པས། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་འདི་སྔར་ལས་བྱས་རྗེས་འཇོག་ཐུབ་པའི་དུས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་དང་། དུས་རབས་གསར་པའི་ཀྲུང་གོའི་ཕྱི་འབྲེལ་གྱི་ཉམས་མྱོང་རྩ་ཆེན་དར་སྤེལ་གཏོང་བ། གོང་བུར་འགྲིལ་ཤུགས་ཆེ་རུ་གཏོང་བ། དམག་འཐབ་ནུས་པ་འདོན་སྤེལ་བྱེད་པ། དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བ། རྒྱལ་ཁ་གསར་པ་སྔར་ལས་ཆེན་པོ་བརྩོན་ལེན་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། འཚོགས་མ་ཐག་པའི་ཀྲུང་དབྱང་གི་ཕྱི་དོན་བྱ་བའི་ཚོགས་འདུའི་སྟེང་དུ། མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་རྒྱལ་སྤྱིའི་གནས་བབ་དང་ཕྱི་རོལ་གྱི་ཁོར་ཡུག་ལ་དབྱེ་ཞིབ་བྱས་ནས། ཕྱི་ཕྱོགས་ལས་དོན་གྱི་དམིགས་འབེན་ཁ་ཕྱོགས་དང་མཛུབ་སྟོན་རྩ་དོན། འཐབ་ཇུས་བཀོད་སྒྲིག གཞི་རྩའི་ལས་འགན་བཅས་ཁ་གསལ་བཟོས་ཡོད། ཚང་མས་ཀྲུང་དབྱང་གི་ཕྱི་དོན་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ཏེ། སྔར་ལས་དཔའ་ངར་ཞུམ་མེད་སྒོས་བྱས་རྗེས་གསར་པ་འཇོག་དགོས།
གཅིག་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་གཞུང་དྲང་པ་ཞིག་བྱེད་དགོས། ཏང་དང་རྒྱལ་ཁབ། མི་དམངས་བཅས་ལ་བློ་དཀར་སེམས་དཀར་བྱ་རྒྱུ་ནི་ཕྱི་འབྲེལ་འཐབ་ཕྱོགས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཞིག་ཡིན། ཚང་མས་འགན་འཁྲི་ཕྲག་ཏུ་འཁུར་ནས་འཛམ་གླིང་ས་གནས་ཁག་ཏུ་བསྐྱོད་དེ། ས་ཆ་གང་དུ་ཐོན་ནའང་རང་འཁྲིའི་ལས་འགན་གཏན་ནས་འབོར་མི་རུང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་རྒྱུ་དང་། ཡིན་མིན་གྱི་དབྱེ་མཚམས་གསལ་པོར་འབྱེད་པ། ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་ནན་མོ་བཅས་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་ཁེ་ཕན་ལ་གོ་བ་ཟབ་མོ་བླངས་ཏེ། ཏང་ཀྲུང་དབྱང་གི་ཕྱི་འབྲེལ་བྱེད་ཕྱོགས་དང་སྲིད་ཇུས་ལ་གོ་བ་ཡག་དག་ལེན་དགོས། ཀྲུང་གོའི་མི་དམངས་དུང་ཕྱུར14ལྷག་ཙམ་ནི་ཕྱི་འབྲེལ་ལས་དོན་གྱི་རྒྱབ་དཔུང་བཀན་མོ་ཡིན། མི་དམངས་ཀྱི་ཆེད་དུ་ཕྱི་འབྲེལ་འགན་འཁྲི་ཕྲག་ཏུ་བརྟན་པོར་འཁུར་བ་དང་། ཏང་ཀྲུང་དབྱང་གི་དྲོད་ཁོལ་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཚང་མར་བརྒྱུད་སྤྲོད་བྱེད་དགོས།
གཉིས་ནས་འགན་འཁུར་བའི་སྤྱོད་ཚུལ་ལ་ཤུགས་བསྣན་ནས། ཞུམ་མེད་གསར་འབྱེད་ཀྱི་ལས་སྐྲུན་པ་ཞིག་བྱེད་དགོས། ཚང་མས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕྱི་འབྲེལ་དགོངས་པ་དོན་འཁྱོལ་ནན་མོ་བྱས་ཏེ། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་པ་དང་འགན་འཁྲི་འཁུར་ཕོད་པར་བྱེད་དགོས། ཕྱི་འབྲེལ་གྱི་ནུས་པ་འཛུགས་སྐྱོང་བྱེད་པར་ཤུགས་བསྣན་ནས། བདེན་འཚོལ་དངོས་གཉེར་བྱེད་རྒྱུ་རྒྱུན་འཁྱོངས་སྒོས་བློ་རིག་གྲུང་པོ་བྱས་ཏེ། ཕྱོགས་ཡོངས་ལ་ཞབས་འདེགས་ཞུ་བ་དང་དཀའ་གནད་སྒྲོལ་རྒྱུར་དམིགས་ནས། བྱེད་ཐབས་མང་ཙམ་འདོན་ཐུབ་པར་བྱེད་དགོས། གང་སར་གྲོགས་པོ་སྒྲིག་མཁས་པོ་བྱས་ཏེ། མི་སེམས་འགུག་པའི་བྱ་བ་དེ་ཆོས་ཁང་དང་དམངས་ཁྲོད་དུའང་ཁྱབ་པར་བྱེད་དགོས། རྒྱལ་སྤྱི་ཅན་གྱི་སྐད་ཡིག་དང་བྱེད་སྟངས་ལ་བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོར་འཆད་རྒྱུ་དང་། ཀྲུང་ཕྱི་སིམ་འདྲེས་ཡོང་བར་བྱེད་པ་དང་གནའ་དེང་སྦྲེལ་མཐུད་བྱས་ནས། འཛམ་གླིང་གིས་དུས་རབས་གསར་པའི་ཀྲུང་གོ་འདི་ཉིད་ལ་སྔར་ལས་ལེགས་པའི་སྒོ་ནས་ངོས་འཛིན་ཐུབ་པར་བྱེད་དགོས།
གསུམ་ནས་འཐབ་རྩོད་བྱེད་མཁས་པོ་བྱས་ཏེ། རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་མཁན་ཞིག་བྱ་དགོས། ཡིད་ཆེས་དང་གདིང་ཤུགས་ཆེ་རུ་གཏོང་བ་དང་། འཐབ་ཇུས་ཀྱི་རིག་པ་གསལ་བོ་རྒྱུན་འཛིན་བྱེད་པ། ཚད་མཐའི་བསམ་བློ་བརྟན་པོ་འཛུགས་པ་བཅས་བྱས་ཏེ། མདའ་མོ་གཞུ་ལྟོང་ལ་སྦྱོར་བའི་དམག་གྲབས་ཉམས་འགྱུར་དང་བཙན་དབང་ལ་མི་སྐྲག་པའི་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་དགོས། འཐབ་ཇུས་ཇུས་འགོད་ལ་ཤུགས་བསྣན་ནས། འཐབ་ཕྱོགས་གཅིག་གྱུར་གྱི་གཅེས་ནོར་འདི་ཡག་པོར་སྤྱོད་དགོས། ཕྱོགས་མང་ལམ་སྲོལ་དང་སྒྲིག་སྲོལ་སྤྱོད་མཁས་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་རྒྱ་ཁྱབ་ངང་ཐོབ་ཐབས་བྱེད་དགོས།
བཞི་ནས་རང་ངོས་གསར་བརྗེ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་མཁན་ཞིག་བྱེད་དགོས། གཞུང་ཚབ་པ་ཚོས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་རང་བདག་འགན་འཁྲི་ཏན་ཏིག་ངང་སྒྲུབ་པ་དང་། རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཏང་འཛུགས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། བསམ་བློའི་འགོག་ར་ཇེ་བརྟན་དུ་བཏང་ནས་དུས་རྟག་ཏུ་རང་བཀུར་དང་རང་བརྟག རང་ཟོན། རང་སྐུལ་བཅས་བྱས་ཏེ། ཆབ་སྲིད་ཀྱི་དད་སེམས་བརྟན་པོ་དང་སྒྲིག་ཁྲིམས་ནན་སྲུང་བྱེད་མཁན་གྱི་བསམ་ཤེས་ཅན་ཞིག་བྱེད་དགོས། དཔུང་སྡེ་ལེགས་པོ་ནི་སྦྱོང་བརྡར་བྱས་ནས་བྱུང་བ་དང་དོ་དམ་བྱས་ནས་བྱུང་བ་ཞིག་ཡིན། ནན་སྐྱོང་བྱེད་ཕྱོགས་ལ་བརྟེན་ནས་སྤྱོད་བཟང་དང་སྒྲིག་ཁྲིམས་ཇེ་དམ་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྒྲིག་ཁྲིམས་དང་སྒྲིག་སྲོལ་སྔོན་ལ་བཞག་ནས་རང་གཅུན་ནན་མོ་དང་རང་འགན་གཙང་སྒྲུབ། དོ་དམ་ནན་མོ་བཅས་བྱས་ཏེ། ཏང་ལ་བློ་དཀར་སེམས་དཀར་དང་འགན་འཁྲི་འཁུར་ཕོད་པ། འཐབ་རྩོད་བྱེད་ཕོད་པ། སྒྲིག་ཁྲིམས་ནན་སྲུང་བཅས་ཀྱི་ཕྱི་འབྲེལ་གྱི་བློ་རྩ་བརྟན་པའི་ལས་སྒྲུབ་པ་བྱེད་དགོས་ཞེས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་མཇལ་འཕྲད་ལ་ཞུགས་པར་མ་ཟད། 2023ལོའི་ཕྱིར་སྡོད་གཞུང་ཚབ་པའི་བྱ་བའི་ཚོགས་འདུའི་སྟེང་གཏན་བཤད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་ཕྱི་དོན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་གལ་ཆེན་དང་གཟིགས་རྒྱང་རིང་བའི་དུས་རབས་ཀྱི་དོན་སྙིང་ཁོང་དུ་ཡང་དག་པར་ཆུད་པར་བྱས་ཏེ། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པས་ཁྲིད་སྟོན་བྱེད་པ་དང་། མཁྲེགས་གཏོར་དཀའ་སེལ་དང་འབད་འབུངས་ཡར་བརྩོན་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་པའི་བླང་བྱ་བཏོན།
བན་དེ་སྐྱབས་ཀྱིས་བསྒྱུར།