ཟླ12པའི་ཚེས29ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཞི་ཅིན་ཕིང་དང་ཚའེ་ཆི་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོས་ཕྱི་རྒྱལ་དུ་སྨན་བཅོས་རོགས་སྐྱོར་རུ་ཁག་མངགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་རྗེས་དྲན་དང་གཟེངས་བསྟོད་ཚོགས་ཆེན་གྱི་འཐུས་མིར་མཇལ་འཕྲད་གནང་།
ཟླ12པའི་ཚེས29ཉིན། ཀྲུང་གོས་ཕྱི་རྒྱལ་དུ་སྨན་བཅོས་རོགས་སྐྱོར་རུ་ཁག་མངགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་རྗེས་དྲན་དང་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུགས་བརྩེ་བའི་ངང་ཚོགས་ཞུགས་འཐུས་མིར་མཇལ་འཕྲད་གནང་ནས། ཁོ་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཤིང་། ཕྱི་རྒྱལ་དུ་སྨན་བཅོས་རོགས་སྐྱོར་བྱས་དང་བྱེད་བཞིན་པའི་བློ་མཐུན་རྣམས་ལ་འཚམས་འདྲི་མཛད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་མཇལ་འཕྲད་ལ་ཞུགས།
ཟླ12པའི་ཚེས29་ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཞི་ཅིན་ཕིང་དང་ཚའེ་ཆི་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོས་ཕྱི་རྒྱལ་དུ་སྨན་བཅོས་རོགས་སྐྱོར་བྱེརུ་ཁག་མངགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་་རྗེས་དྲན་དང་གཟེངས་བསྟོད་ཚོགས་ཆེན་གྱི་འཐུས་མིར་མཇལ་འཕྲད་གནང་།
ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀའི་སྟེང་། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མར་ཕེབས་པ་དང་། ཚོགས་རའི་མི་ཡོངས་ཀྱིས་དགའ་བསུ་ཞུས། ཞི་ཅིན་ཕིང་སོགས་ཀྱིས་འཐུས་མི་རྣམས་ལ་ཕྱག་བརྡ་གནང་ཞིང་། ཚང་མ་དང་མཉམ་དུ་བརྩེ་བའི་གསུང་གླེང་མཛད་པ་དང་དྲན་རྟེན་གྱི་མཉམ་པར་བསྐྱོན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཁོས་བསྟན་དོན། ཏང་ཀྲུང་དབྱང་གིས་ཕྱི་རྒྱལ་དུ་སྨན་བཅོས་རོགས་སྐྱོར་བྱེད་པའི་བྱ་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཡོད། ལོ་དྲུག་ཅུའི་རིང་ལ། རྒྱ་ཆེའི་ཕྱི་རྒྱལ་དུ་སྨན་བཅོས་རོགས་སྐྱོར་བྱེད་པའི་རུ་ཁག་གིས་བྱམས་དང་སྙིང་རྗེ་ལྡན་པའི་ངང་ནས་ས་གནས་མི་དམངས་ལ་བདེ་སྐྱིད་བསྐྲུན་ཞིང་། དོན་དངོས་བྱ་སྤྱོད་ལ་བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་བཤད་པས། རོགས་སྐྱོར་བྱ་ཡུལ་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མི་དམངས་ཀྱིས་བསྟོད་བསྔགས་ཆེན་པོ་བྱེད་ཀྱིན་འདུག དུས་རབས་གསར་བའི་སྐྱོད་ལམ་གསར་བའི་སྟེང་དུ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་པ་གལ་ཆེན་ལག་བསྟར་ནན་མོ་བྱས་ནས། ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་བཏང་སྟེ། ཕྱི་ཕྱོགས་ལ་སྨན་བཅོས་རོགས་སྐྱོར་བྱེད་པའི་བྱ་བའི་རྣམ་པ་གསར་བ་གཏོད་དགོས་ལ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་ཐུན་མོང་ཚོགས་པ་འཛུགས་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
ཚོགས་ཐོག་ཏུ་རྒྱལ་ཡོངས་ཀྱི་ཕྱི་རྒྱལ་དུ་སྨན་བཅོས་རོགས་སྐྱོར་བྱེད་པའི་བྱ་བའི་སྔོན་ཐོན་ཐུན་མོང་སུམ་ཅུ་དང་སྔོན་ཐོན་མི་སྒེར་དྲུག་ཅུ་ལ་གཟེངས་བསྟོད་གནང་ཞིང་། གཟེངས་བསྟོད་ཐོབ་མཁན་གྱི་འཐུས་མིས་གཏམ་བཤད།
ཝང་དབྱི་གྲོས་ཚོགས་ལ་ཞུགས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།