ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཁྱབ་སྟེང་མཚན་བཀོད།
2023.12.30 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 21

ཟླ12པའི་ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཁྱབ་ཨང་བཅོ་ལྔ་པ་དང་། བཅུ་དྲུག་པ། བཅུ་བདུན་པ། བཅོ་བརྒྱད་པ། བཅུ་དགུ་པ་བཅས་ཀྱི་སྟེང་མཚན་བཀོད།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་བཅོ་ལྔ་པ་ལས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀུང་ཟིའི་བཅའ་ཁྲིམས》ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་སྟེང2023ལོའི་ཟླ12པའི་ཚེས29ཉིན་བཟོ་བཅོས་བྱས་ཏེ་གྲོས་འཆམ་བྱུང་བ་དང་། ད་ལྟ་ཡོངས་བསྒྲགས་བྱས་པ་ཡིན་ལ། 2024ལོའི་ཟླ7པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་བཅུ་དྲུག་པ་ལས། 《རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དགེ་སྒྲུབ་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན》དེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་སྟེང2023ལོའི་ཟླ12པའི་ཚེས29ཉིན་གྲོས་འཆམ་བྱུང་བ་དང་། ད་ལྟ་ཡོངས་བསྒྲགས་བྱས་པ་ཡིན་ལ། 2024ལོའི་ཟླ9པའི་ཚེས5ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་བཅུ་བདུན་པ་ལས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བཅའ་ཁྲིམས》ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་སྟེང2023ལོའི་ཟླ12པའི་ཚེས29ཉིན་གྲོས་འཆམ་བྱུང་བ་དང་། ད་ལྟ་ཡོངས་བསྒྲགས་བྱས་པ་ཡིན་ལ། 2024ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་བཅོ་བརྒྱད་པ་ལས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་བཟོ་བཅོས་འཆར་ཟིན་བཅུ་གཉིས་པར》 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་སྟེང2023ལོའི་ཟླ12པའི་ཚེས29ཉིན་གྲོས་འཆམ་བྱུང་བ་དང་། ད་ལྟ་ཡོངས་བསྒྲགས་བྱས་པ་ཡིན་ལ། 2024ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

ཀྲུའུ་ཞིའི་བཀའ་ཁྱབ་ཨང་བཅུ་དགུ་པ་ལས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་སྟེང2023ལོའི་ཟླ12པའི་ཚེས29ཉིན་ཐག་བཅད་པ་གཤམ་གསལ་ལྟར།

གཅིག  ཏུང་ཅུན་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ལ་བསྐོ་འཇོག་བྱ་རྒྱུ།

གཉིས། ཐང་ཏིན་ཅེ་ཡི་དམངས་སྲིད་པུའུ་ཡི་པུའུ་ཀྲང་གི་འགན་ལེན་པ་དང་། ལུའུ་ཀྲི་ཡོན་དམངས་སྲིད་པུའུ་ཡི་པུའུ་ཀྲང་ལ་བསྐོ་འཇོག་བྱ་རྒྱུ།

གསུམ། ཧུའུ་ཧི་ཕིང་གི་རིག་གནས་དང་ཡུལ་སྐོར་པུའུ་ཡི་པུའུ་ཀྲང་གི་འགན་ལེན་པ་དང་། སུན་ཡེ་ལིས་རིག་གནས་དང་ཡུལ་སྐོར་པུའུ་ཡི་པུའུ་ཀྲང་ལ་བསྐོ་འཇོག་བྱ་རྒྱུ་ཞེས་བཤད་ཡོད།

                                                                                             རིག་འཛིན་སྒྲོལ་མས་བསྒྱུར།