སྡེ་ཁག་བཅུས་ཚགས་དམ་པའི་རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་གཅིག་མཐུན་ཚོགས་པ་མྱུར་དུ་འཛུགས་རྒྱུའི་བླང་བྱ་བཏོན།
2023.12.31 ཁུངས། ཀློག་གྲངས། 29

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་བཅུས་ཉེ་སྔོན་མཉམ་འབྲེལ་སྒོས་ཚགས་དམ་པའི་རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་གཅིག་མཐུན་ཚོགས་པ་འཛུགས་པའི་མཛུབ་སྟོན་བསམ་འཆར་དཔར་འགྲེམ་བྱས་ཏེ། གྲོང་ཁྱེར་གྱིས་ཡུལ་ཚོ་ལ་སྣེ་ཁྲིད་པ་དང་། ཡུལ་ཚོས་སྡེ་བར་སྣེ་ཁྲིད་པ། རྫོང་དང་ཡུལ་ཚོ་གཅིག་གྱུར་དང་། ཡུལ་ཚོ་དང་སྡེ་བ་གཅིག་གྱུར་ཡིན་པའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་གཏོང་དགོས་པའི་བླང་བྱ་བཏོན། 

མཛུབ་སྟོན་བསམ་འཆར་ལས་བསྟན་དོན། ཆགས་སའི་གནས་དང་ཞབས་ཞུའི་མི་གྲངས། ད་ཡོད་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་ཆས་སོགས་ཀྱི་ཁྱབ་ཚུལ་གཞིར་བཟུང་ནས། རྫོང་རིམ་པའི་སྨན་ཁང་གིས་སྣེ་ཁྲིད་ཅིང་། གཞན་པའི་རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་གྲོང་རྡལ་དང་ཡུལ་ཚོའི་འཕྲོད་བསྟེན་ཁང། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་བཅས་ཀྱིས་གྲུབ་པའི་རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་གཅིག་མཐུན་ཚོགས་པ་འཛུགས་དགོས། སྣེ་ཁྲིད་བྱེད་པའི་སྨན་ཁང་ནི་སྤྱིར་བཏང་དུ་རིམ་པ་གཉིས་པ་ཡན་གྱི་ཁེ་གཉེར་རང་བཞིན་མ་ཡིན་པའི་ཕྱོགས་བསྡུས་སྨན་ཁང་ངམ་ཀྲུང་ལུགས་སྨན་ཁང་ཡིན་དགོས། 

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གཞི་རིམ་འཕྲོད་བསྟེན་ཟི་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱེད་རྒྱུར། ཚགས་དམ་པའི་རྫོང་ཁོངས་སྨན་བཅོའ་འཕྲོད་བསྟེན་གཅིག་མཐུན་ཚོགས་པ་ནི་རྫོང་གི་མངའ་ཁོངས་སུ་ཡོད་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་བསྐྱར་འཛུགས་བྱེད་པ་ཞིག་ཡིན་ལ། དུས་རིམ་སྔོན་མའི་ཚོད་ལྟའི་ཉམས་མྱོང་སྤྱི་བསྡོམས་ཀྱི་རྨང་གཞིའི་སྟེང་། རྫོང་རིམ་པ་སྟོབས་དང་ལྡན་ཞིང་། ཡུལ་ཚོ་རིམ་པར་གསོན་ཤུགས་ལྡན་ལ། སྡེ་བ་རིམ་པ་བརྟན་འཇགས་ཡིན་པ། གོང་འོག་མཉམ་དུ་འབྲེལ་བ། བརྡ་འཕྲིན་འབྱོར་བདེ་བའི་དམིགས་འབེན་ལྟར། སྤྱིར་བཏང་གི་ནད་པ་ནད་ཡམས་གྲོང་ཁྱེར་དང་རྫོང་ནས་་ཐག་གཅོད་པ་དང་། རྒྱུན་མཐོང་གི་ནད་ཡམས་གཞི་རིམ་ནས་གསོ་བཅོས་བྱེད་ཐུབ་པར་བྱ་རྒྱུ་རེད། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།