《བདེན་འཚོལ》དུས་དེབ་སྟེང་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།
2024.01.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 93

2024ལོའི་ཟླ་དང་པོའི་ཚེས1ཉིན་པར་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་དང་པོའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས། 2023ལོའི་ཟླ7པའི་ཚེས17ཉིན་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་ཀྱི་ཁག་ཅིག་སྟེ། 《མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས》ཞེས་པ་དེ་སྤེལ།

རྩོམ་ཡིག་ལས་མ་འོངས་པའི་ལོ་ལྔ་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཡིན་པས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་ཤེས་རིག་དགོངས་པ་ལག་བསྟར་ནན་མོ་བྱས་ནས། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་སྒོས། རི་ལྗང་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་། མི་རིགས་བསྐྱར་དར་གྱི་མངོན་གསལ་དོད་པའི་གནས་བབ་སྟེང་བཞག་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་གཏོང་བ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་ཅན་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས་ཞེས་ནན་གྱིས་བསྟན།

རྩོམ་ཡིག་ལས་སྦགས་བཙོག་འགོག་བཅོས་ཀྱི་འགག་གཏོར་དམག་འཐབ་མུ་མཐུད་གཏིང་ཟབ་སྒོས་རྒྱག་དགོས། བཙོག་བཅོས་གནད་དུ་འཁེལ་བ་བྱེད་རྒྱུ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བཙོག་བཅོས་བྱེད་པ། ཁྲིམས་ལྟར་བཙོག་བཅོས་བྱེད་རྒྱུ་བཅས་རྒྱུན་འཁྱོངས་དང་། ཤུགས་ཚད་རྒྱུན་འཁྱོངས་བྱེད་པ། ཁྱབ་རྒྱ་ཆེ་རུ་གཏོང་བ། ཁོར་ཡུག་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་ནན་མོ་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་བཅས་བྱེད་དགོས། ཨ་སྔོན་སྲུང་སྐྱོབ་དམག་འཐབ་ནི་འགག་གཏོར་དམག་འཐབ་ཀྱི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོབ་བྱེད་པའི་དམག་འཁྲུག་གིས“མི་དང་ཆུ་འཆམ་མཐུན”ཡོང་བར་སྐུལ་འདེད་གཏོང་དགོས།  ས་གཙང་སྲུང་སྐྱོབ་དམག་འཐབ་ཀྱི་གཙོ་གནད་ནི་སྦགས་བཙོག་གི་ཉེན་ཁར་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན་ཞེས་བསྟན།

རྩོམ་ཡིག་ལས་འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་གཏོང་རྒྱུ་དེ་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་འབྱུང་རྩ་ནས་ཐག་གཅོད་བྱེད་པའི་ཐབས་ཇུས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་གང་མགྱོགས་ཀྱིས་གྲུབ་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་གཞི་ཐིག་བརྟན་པོ་འཛུགས་དགོས། རྒྱལ་ཁོངས་བར་སྟོང་གསར་སྤེལ་གྱི་རྣམ་པ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། ཐོན་ལས་ཀྱི་ལྗང་མདོག་ཚུལ་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་གཏོང་བ། ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས་བསྐྲུན་པ། ལྗང་མདོག་འཚོ་བ་སྐྱེལ་སྟངས་གྲུབ་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་བསྟན།

རྩོམ་ཡིག་ལས་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས། མིའི་རིགས་ཀྱི་ཤེས་རིག་ལ་འགན་འཁུར་བ་བཅས་ཀྱི་མཐོ་ཚད་ནས་བསྡད་དེ། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུར་ཤུགས་བསྣན་ནས། བུ་རབས་ཚ་རྒྱུད་ལ་རི་བོ་སྔོ་ཞིང་ཆུ་མོ་དྭངས་པའི་སྐྱེ་ཁམས་ཁོར་ཡུག་བསྐྲུན་དགོས།  སྐྱེ་ཁམས་མ་ལག་གི་སྲུང་སྐྱོབ་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ། ལྟ་སྐུལ་དོ་དམ་བཅས་ལ་ཤུགས་ཆེན་པོ་བསྣན་ནས། རི་ལྗང་ཆུ་དྭངས་གསེར་རི་དངུལ་རིར་བསྒྱུར་བའི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས་ཞེས་བསྟན།

རྩོམ་ཡིག་ལས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་བརྟན་བརླིང་ངང་སྐུལ་འདེད་ཧུར་ཐག་གཏོང་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་འཆར་འགོད་དང་གྲོན་ཆུང་སྔོན་ལ་འཛིན་པ། ཕྱོགས་གཉིས་ཀྱི་སྐུལ་འདེད། ཕྱི་ནང་ཤར་བགྲོད། ཉེན་ཁ་འགོག་ཟོན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཐཱན་རྩེར་སོན་གྱི་སྲིད་ཇུས་མ་ལག་དོན་འཁྱོལ་ཡག་པོ་བྱེད་དགོས། འཆར་གཞི་དང་གོ་རིམ་དགར་ནས་ཐཱན་རྩེར་སོན་གྱི་བྱ་སྤྱོད་སྤེལ་ཏེ། དྭངས་གཙང་ཐཱན་ཉུང་བདེ་འཇགས་དང་ཕན་འབྲས་ཆེ་བའི་ནུས་ཁུངས་མ་ལག་བསྐྲུན་དགོས་ཞེས་བསྟན།

རྩོམ་ཡིག་ལས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་བདེ་འཇགས་ཚད་མཐའ་བརྟན་པོར་སྲུང་དགོས། རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་ལག་བསྟར་བྱས་ནས། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་རྒྱུ་དང་། ང་ཚོ་འཚོ་གནས་དང་འཕེལ་རྒྱས་ཀྱི་གཞི་རྟེན་ལྟ་བུའི་རང་བྱུང་ཁོར་ཡུག་དང་ཆ་རྐྱེན་ལ་འཇིགས་སྐུལ་དང་གཏོར་བཤིག་མི་ཐེབས་པར་འགན་ལེན་བྱེད་དགོས། སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་ཏན་ཏིག་བྱས་ནས། ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཞེས་བསྟན།

རྩོམ་ཡིག་ལས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་འགན་ལེན་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་དགོས། ཁྱབ་ཁོངས་སོ་སོའི་ཐོན་ཁུངས་ལ་སྤྱི་འདོམས་གང་ལེགས་བྱས་ནས། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། ཁྲིམས་སྐྱོང་དང་ཁྲོམ་ར། ཚན་རྩལ། སྲིད་ཇུས་བཅས་ཀྱི“མཉམ་སྡེབ་རྣམ་པའི”བྱ་སྤྱོད་ཡག་པོ་སྤེལ་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ཐད་རྨང་གཞིའི་འདེགས་སྐྱོར་དང་འགན་ལེན་ནུས་ལྡན་བྱེད་དགོས། ཁྲིམས་སྐྱོང་གི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྗང་མདོག་དང་ཐཱན་ཉུང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ནུས་ལྡན་གྱི་ཚོང་ར་དང་སྲིད་གཞུང་གི་ཆེད་དུ་བྱ་བ་སྒྲུབ་པ་གཉིས་ཟུང་འབྲེལ་སྔར་ལས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བ། ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན་པ་བཅས་བྱེད་དགོས་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།