ལུགས་གསར་ལོ་སར་གྱི་སྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2024ལོའི་ལོ་གསར་ལ་ཤིས་ཚིག་ཕུལ་ཏེ། བྱམས་བརྩེའི་ཞལ་གསུང་དང་མཉེས་གཤིན་གྱིས་ཕྱུག་པའི་ཐུགས་དགོངས་ཡངས་མོས་རྒྱལ་ཁབ་ཀྱི་མི་དམངས་དུང་ཕྱུར་མང་པོར་སྐུལ་མ་ཐེབས། ཚང་མས་སྐྱོད་ལམ་གསར་པའི་སྟེང་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ཕྱོགས་སུ་སྔར་ལས་འབད་འབུངས་ཡར་བརྩོན་དང་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་དགོས་ཟེར།
ཀྲུའུ་ཞི་ཞི་ཅིན་ཕིང་གིས2023ལོར་ང་ཚོས་མུ་མཐུད་འབད་འཐབ་དང་དཔའ་སྐྱེད་མདུན་སྐྱོད་བྱས་ནས། ཚོད་བགམ་སྣ་མང་ཐེག་ཐུབ་པར་གྱུར་ཏེ། ཉམས་དགའ་བའི་མཛེས་ལྗོངས་མཐོང་བ་དང་ལྗིད་ཏིག་ཏིག་གི་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས།
ལོ་འདིར་ང་ཚོས་གོམ་པ་བརྟན་པོའི་ངང་སྤོས་ཡོད་ཅིང་། ང་ཚོས་ལོ་འདིའི་གོམ་སྟབས་སྤོས་པ་ཧ་ཅང་ཤེད་ཤུགས་རྫོགས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་གིས་མི་རྣམས་ལ་འབད་འབུངས་དངོས་ཀྱི་ཁྲོད་ནས་ཕུགས་འདུན་དོན་གཉེར་དང་མ་འོངས་དོན་གཉེར་བྱེད་དགོས་པའི་སྐུལ་ལྕག་གནང་།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལས་རིགས་སོ་སོའི་མི་ཚང་མས་རྔུལ་ཆུ་ཕངས་མེད་དུ་གཏོང་བཞིན་ཡོད་ཅིང་། མི་ཕལ་བ་ཚང་མས་ཀྱང་སྤྱིར་བཏང་མིན་པའི་བྱས་རྗེས་བཞག་ཡོད། ལས་རིགས་སོ་སོའི་མི་རྣམས་ཀྱིས་སྙིང་སྟོབས་ཆེར་སྐྱེད་དང་སྒྱིད་ལུག་གཏན་ནས་མི་བྱེད་པའི་སྙིང་རུས་དང་ཆོད་སེམས་བཅངས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དུ་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་བཞིན་ཡོད་ཅེས་གསུངས།
ཞང་ཀང་དང་ཨའོ་མིན་གྱི་མི་སྣས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་གིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་། རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་ཀྱིན་པར་ཡིད་ཆེས་བརྟན་པོ་བྱེད་པ། ཞང་ཀང་དང་ཨའོ་མིན་གྱི་མ་འོངས་པ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།