རྒྱལ་སྤྱིའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི2024ལོའི་ལོ་གསར་ཤིས་ཚིག་ལ་གདེང་འཇོག་གང་ལེགས་བྱས།
2024.01.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

རྒྱལ་ཁབ་མང་པོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུལ་བའི་ལོ་གསར་ཤིས་ཚིག་གིས། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་དེ་བཞིན་འཛམ་གླིང་ལ་བཅངས་པའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་མཚོན་པར་བྱས་ཡོད། ཁོ་ཚོས་ཀྲུང་གོས་འབྱུང་འགྱུར་འཕེལ་རྒྱས་ཁྲོད་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་མུ་མཐུད་སྒུལ་ཤུགས་བསྣན་ནས། སྔར་ལས་སྒོ་འབྱེད་ཀྱི་རྣམ་པའི་ངོས་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ཡིད་ཆེས་བསྩོལ་རྒྱུའི་རེ་ལྟོས་བྱེད་ཀྱིན་ཡོད་ཟེར།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་ཤིས་ཚིག་ཁྲོད། “ཞི་བདེ་དང་འཕེལ་རྒྱས་ནི་དུས་ནམ་ཡང་བརྗོད་སྙིང་གཙོ་བོ་ཡིན་པ་དང་མཉམ་ལས་གཉིས་ཕན་ནི་དུས་ནམ་ཡང་གནས་ལུགས་ཁུངས་བཙན་ཡིན”ཞེས་གསུངས་ཡོད། རྒྱལ་སྤྱིའི་མི་སྣས་ཀྲུང་གོའི་རྒྱལ་སྤྱིའི་མཉམ་ལས་ཀྱིས་འདུ་ཤེས་འདི་ལག་བསྟར་བྱས་ཡོད། རྒྱལ་ཁབ་སོ་སོས་ཀྲུང་གོ་དང་མཉམ་དུ་མདུན་སྐྱོད་བྱས་ཏེ། སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་འདོད་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།