ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མཚན་བཀོད་དེ། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི〈དྲི་ངན་དབྱང་རླུང་བང་རིམ་གྱི་འཛད་གྲོན་དངོས་པོའི་དོ་དམ་སྲོལ་ཡིག〉ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》ཁྱབ་སྒྲོག་བྱས་པ་དང་། 2024ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 《གཏན་འབེབས》ནང་གཙོ་གནད་གནད་དོན་ལ་དམ་པོར་དམིགས་ཏེ། དམིགས་འབེན་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་རྒྱུར་གཞོལ་བའི་སྤྱིའི་བསམ་ཕྱོགས་ལྟར་དུ། 《དྲི་ངན་དབྱང་རླུང་བང་རིམ་གྱི་འཛད་གྲོན་དངོས་པོའི་དོ་དམ་སྲོལ་ཡིག》ལ་ཕྱོགས་བཞིའི་ཐད་ནས་བཟོ་བཅོས་བརྒྱབ་ཡོད་པ་སྟེ།
གཅིག་ནས་དྲི་ངན་དབྱང་རླུང་བང་རིམ་གྱི་འཛད་གྲོན་དངོས་པོའི་དོ་དམ་ཐད་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དང་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་དགོས་པ་གཏན་ཁེལ་གསལ་བོ་བྱས་ཡོད། གཉིས་ནས་རང་རྒྱལ་གྱིས་དང་ལེན་བྱས་པའི་འབྲེལ་ཡོད་རྒྱལ་སྤྱིའི་སྤྱི་ཆིངས་དང་འབྲེལ་མཐུད་གང་ལེགས་བྱས་ཏེ། ཆིང་ཧྥུའུ་ཐཱན་འགྱུར་རྫས་ཚོད་འཛིན་གསལ་ཐོའི་ནང་དངོས་སུ་བཅུག་པ། གསུམ་ནས་དྲི་ངན་དབྱང་རླུང་བང་རིམ་གྱི་འཛད་གྲོན་དངོས་པོའི་དོ་དམ་བྱེད་ཐབས་སྔར་ལས་འཐུས་ཚང་དུ་བཏང་ནས། གཏན་འབེབས་ལྟར་བགོས་འབོར་བེད་སྤྱོད་ཆོག་མཆན་ལག་ཁྱེར་ལེན་རྒྱུའི་རེ་འདུན་ཞུ་མི་དགོས་པའི་དྲི་ངན་དབྱང་རླུང་བང་རིམ་གྱི་དངོས་པོ་བེད་སྤྱོད་ལས་ཁུངས་ཐོ་འགོད་དོ་དམ་ཁྱབ་ཁོངས་སུ་འཇུག་དགོས་པ། བཞི་ནས་བཅའ་ཁྲིམས་ཀྱི་འགན་འཁྲིར་ཤུགས་བསྣན་ནས་ཁྲིམས་འགལ་བྱེད་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།