ཟླ་དང་པོའི་ཚེས་ལྔ་ཉིན། 2023ལོའི་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དམིགས་འབེན་འགན་འཁྲིའི་བྱས་འབྲས་ཞིབ་བཤེར་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས་པ་དང་། ཚོགས་འདུས2023ལོའི་དམིགས་འབེན་འགན་འཁྲིའི་བྱས་འབྲས་ཞིབ་བཤེར་བྱ་བ་བཀོད་སྒྲིག་བྱས་པར་མ་ཟད། ཞིབ་བཤེར་ཚན་ཆུང་གི་ཁོངས་མིར་ལས་སྒོ་གསོ་སྦྱོང་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། 2023ལོའི་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དམིགས་འབེན་འགན་འཁྲིའི་བྱས་འབྲས་ཞིབ་བཤེར་བྱ་བའི་ཐད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བ་གཙོ་བོའི་ཞིབ་བཤེར་འབུར་དུ་ཐོན་པར་བྱེད་རྒྱུ་རེད། ཞིབ་བཤེར་བྱེད་ཐབས་གཅིག་འདོམས་བྱེད་པ་དང་། ཐབས་ལམ་མང་པོ་དང་རིམ་པ་མང་པོ། ཟུར་ངོས་མང་པོ་ནས་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་བྱ་བའི་བྱས་འབྲས་དང་མངོན་སུམ་གྱི་མཚོན་བྱེད་ལ་རྒྱུས་ལོན་དང་བཤེར་བདར་བྱེད་པ་དང་། གནད་དོན་དང་མི་འདང་ས་བཙལ་ནས། འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་དྲང་གཞག་དྲང་བདེན་གྱི་གདེང་འཇོག་བྱེད་རྒྱུ་རེད། ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་བཤེར་གྱི་གྲུབ་འབྲས་ལ་གདེང་འཇོག་བྱེད་པ་དང་། རང་སྣང་འབད་འཐབ་དང་ཕྱི་ཡུལ་གྱི་ཆ་རྐྱེན། མངོན་འབྲས་དང་གབ་འབྲས་སོགས་ཕྱོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་ཡོངས་དང་ལོ་རྒྱུས། རྩོད་སྒྲུབ་སྒོས་དབྱེ་ཞིབ་བྱེད་པ། གྲོས་སྡུར་བཟང་བོ་བྱེད་པ་དང་གཟབ་ནན་སྒོས་བསམ་གཞིགས་གཏོང་བ། ཐུན་མོང་གིས་ཞིབ་འཇུག་བྱས་ཏེ། ཞིབ་བཤེར་གྱི་མཇུག་འབྲས་ཚན་རིག་དང་མཐུན་པ་དང་། ཆ་ཚང་བ། དྲང་བདེན་ཡང་དག་ཡིན་པར་ཁག་ཐེག་བྱེད་རྒྱུ་རེད།
ཞིབ་བཤེར་ཚན་ཆུང་སོ་སོས་ལས་བྱེད་པའི་ཞིབ་བཤེར་སྲོལ་ཡིག་ལས་གཏན་ཁེལ་བྱས་པའི་མི་རུང་བ་དགུའི་བླང་བྱ་བརྩི་སྲུང་ནན་མོ་བྱེད་པ་དང་། རྩ་དོན་རྒྱུན་འཁྱོངས་བྱས་ནས་གཡོ་འགུལ་མི་བྱེད་པ་དང་ལག་བསྟར་ཚད་གཞི་མི་འགྱུར་བ། ལག་བསྟར་བརྒྱུད་རིམ་མི་འགྱུར་བ། སྒྲིག་ལམ་བརྩི་སྲུང་བྱས་ནས་བཏང་ལྷོད་མི་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ། སྲིད་གཙང་གི་ཚད་མཐའ་བརྟན་སྲུང་བྱེད་པ་དང་རང་འགུལ་གྱིས་ལྟ་སྐུལ་དང་ལེན་བྱེད་པ། རང་ཉིད་ཀྱི་སྣང་བརྙན་བཟང་བོ་འཛུགས་པ། ཚད་གཞི་སྔར་ལས་མཐོན་པོ་དང་སྒྲིག་ལམ་སྔར་ལས་དམ་པོ། སྤྱོད་ཚུལ་སྔར་ལས་བཟང་བོ། ཆུ་ཚད་མཐོན་པོ་དང་སྤུས་ཚད་མཐོན་པོ། ལས་ཆོད་མཐོན་པོས་ཞིབ་བཤེར་གྱི་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།