ཉིན་འགའི་སྔོན་ལ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་བརྡ་ཐོ་བཀྲམ་ནས། དམག་ཡོངས་ཀྱི་དམག་དོན་སྦྱོང་བརྡར་གྱི་སྔོན་ཐོན་ལས་ཁུངས་དགུ་དང་དམག་ཡོངས་ཀྱི་དམག་དོན་སྦྱོང་བརྡར་གྱི་སྔོན་ཐོན་མི་སྒེར་ཉི་ཤུ་ལ་གཟེངས་བསྟོད་བྱས།
བརྡ་ཁྱབ་ལས་འབོད་སྐུལ་གནང་དོན། དམག་ཡོངས་ཀྱི་དམག་དཔུང་གིས་གཟེངས་བསྟོད་ཐོབ་པའི་ལས་ཁུངས་དང་མི་སྒེར་མིག་དཔེར་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གིས་དམག་དོན་སྦྱོང་བརྡར་ལས་དོན་ལ་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ། དམག་མི་བྱས་ནས་དམག་འཐབ་བྱེད་པ་དང་དམག་མི་ཁྲིད་ནས་དམག་འཐབ་བྱེད་པ། དམག་མི་སྦྱོང་བརྡར་བྱས་ནས་དམག་འཐབ་བྱེད་པ་བཅས་ཀྱི་བསམ་བློར་ཤུགས་སྣོན་པ། བློ་བརྟན་འགྱུར་མེད་ངང་དམག་དོན་སྦྱོང་བརྡར་བྱ་རྒྱུ་དེ་འཐབ་ཇུས་ཀྱི་གནས་བབ་དང་ལྟེ་གནད་དུ་འཛིན་པ། དངོས་འཐབ་དངོས་སྦྱོང་དང་མཉམ་འབྲེལ་སྦྱོང་བརྡར། ཚན་རྩལ་ལ་ཤུགས་སྣོན་པ། ཁྲིམས་ལྟར་སྦྱོང་བརྡར་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ། གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་འཆི་རྒྱུར་མི་སྐྲག་པའི་དམག་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། བཀོད་འདོམས་ཀྱི་ནུས་པ་ཆེན་པོ་སྦྱོང་བརྡར་བྱེད་རྒྱུ་དང་། དམག་འཐབ་ཀྱི་འཇོན་ཐང་ལེགས་པོ་གསོ་སྐྱོང་དང་དམག་འཐབ་ཀྱི་སྤྱོད་ཚུལ་ནན་མོ་སྦྱོང་བརྡར་བྱས་ནས། ཏང་དང་མི་དམངས་ཀྱིས་བཅོལ་བའི་དུས་རབས་གསར་པའི་ལས་འགན་འགན་འཁྲི་མཐའ་གཅིག་ཏུ་ཡོངས་འགྲུབ་བྱས་ཏེ། དུས་བཅད་ལྟར་དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་ཐུབ་པར་འགན་ལེན་བྱེད་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།