ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་མཚོ་དམག་ནན་ཁྲང་དམག་གྲུའི་ཏང་ཨུ་ལ“དུས་རབས་ཀྱི་མིག་དཔེ”ཞེས་པའི་མཚན་སྙན་བསྩལ།
2024.01.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ1པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་མཚོ་དམག་ནན་ཁྲང་དམག་གྲུའི་ཏང་ཨུ་ལ“དུས་རབས་ཀྱི་མིག་དཔེ”ཞེས་པའི་མཚན་སྙན་གནང་། མཚོ་དམག་ནན་ཁྲང་རྟགས་ཅན་གྱི་དམག་གྲུ་ནི་རང་རྒྱལ་གྱིས་རང་བདག་ཞིབ་འཇུག་བྱས་ཏེ་བཟོས་པའི055རྟགས་ཅན་གྱི་འཕུར་མདེལ་མཐར་སྐྲོད་དམག་གྲུ་ཐོག་མ་དེ་ཡིན་པ་དང་། 2020ལོའི་ཟླ་དང་པོར་དམག་ཞབས་ནང་ཞུགས་པའི་ཚུན་ལ། དམག་གྲུའི་ཏང་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས།  ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་དང་། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ལ་རྩེ་གཅིག་ཏུ་གཞོལ་བ། དམག་གྲུ་ཡོངས་ཀྱི་དཔོན་དམག་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་དང་། གདོང་ལེན་གྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། དམག་འཐབ་གྲ་སྒྲིག་ཚུལ་སྒྱུར་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ། ཚད་གཞི་རྩེ་གྲ་བཟོ་བ་བཅས་བྱས་ཏེ། གཟིངས་ཆེན་རུ་ཁག་གི་དམག་གྲབས་སྦྱོང་བརྡར་སོགས་ལས་འགན་གལ་ཆེན་བཅུ་ལྷག་གི་ཁྲོད་དངོས་སུ་ཞུགས་ནས། མི་དམངས་མཚོ་དམག་གི་ལོ་རྒྱུས་ཐོག་ཨང་དང་པོ་མང་པོ་ཞིག་བསྐྲུན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།