བློ་མཐུན་ཀན་ཁུའུ་སྐུ་འཁྲུངས་ནས་ལོ100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་ཀྲའོ་ལི་ཅི་ཚོགས་འདུར་ཞུགས།
2024.01.08 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 33

བློ་མཐུན་ཀན་ཁུའུ་སྐུ་འཁྲུངས་ནས་ལོ100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས8ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད། ཚོགས་འདུ་མ་འཚོགས་གོང་བློ་མཐུན་ཀན་ཁུའུ་ཡི་གཉེན་ཉེ་ལ་མཇལ་འཕྲད་གནང་།

བློ་མཐུན་ཀན་ཁུའུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཡུན་རིང་ཉམས་སད་ཐེག་པའི་བློ་དཀར་སེམས་དཀར་གྱི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། ཀྲོང་རིགས་མི་དམངས་ཀྱི་ཕུལ་བྱུང་མི་སྣ་བཅས་ཡིན་ཞིང་། རྒྱལ་ཡོངས་དམངས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའི་འགན་བཞེས་མྱོང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་གིས་བཞུགས་མོལ་ཚོགས་འདུའི་ཐོག་བློ་མཐུན་ཀན་ཁུའུ་ཡི་འོད་སྟོང་འབར་བའི་སྐུ་ཚེ་ཧྲིལ་པོར་དྲན་གསོ་ཞུས་ནས་ཁོང་གི་དད་སེམས་བརྟན་པོ་དང་བློ་གཅིག་སེམས་གཅིག་ངང་ཏང་ལ་ཕྱོགས་པའི་སྲ་ཞིང་བརྟན་པའི་ཏང་གཤིས་དང་། མང་ཚོགས་ལ་བརྩེ་སེམས་བཅངས་པ། མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས། མི་ཚེ་མ་རྫོགས་བར་དུ་འབད་འཐབ་མཚམས་མི་ཆད་པའི་བླ་ན་མེད་པའི་སྙིང་སྟོབས། དངོས་ཐོག་བདེན་འཚོལ་དང་དངོས་འཚོལ་དོན་གཉེར་གྱི་བྱ་བའི་སྤྱོད་ཚུལ། རང་གཅུན་ནན་མོ་དང་སྤྱོད་གཙང་གཞུང་དྲང་གི་འོད་སྟོང་འཕྲོ་བའི་ཉམས་འགྱུར་བཅས་ལ་སློབ་སྦྱོང་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་ཕྱོགས་ཡོངས་ནས་སྤེལ་བའི་ཐད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཕིན་ཆིན་ཧྭ་ཡིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས།

ཤ་བོ་གསེར་མཚོས་བསྒྱུར།