ཟླ1ཚེས8ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ་དང་། ཚོགས་ཆེན་གྲ་སྒྲིག་ཐད་ཀྱི་ལས་ཁུངས་སོ་སོའི་བྱ་བའི་འཕེལ་རིམ་གནས་ཚུལ་སྙན་ཞུ་བྱས་པར་ཉན་པ་དང་འབྲེལ་ཡོད་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་པར་མ་ཟད། གོ་རིམ་རྗེས་མའི་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས།
ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་ནི་རང་རེའི་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་དཔལ་འབྱོར་སླར་གསོ་གོང་སྤེལ་བྱེད་པའི་དུས་སྐབས་གལ་ཆེན་དུ་བསྡུ་བའི་གྲོས་ཚོགས་གལ་ཆེན་ཡིན། གྲོས་ཚོགས་སྔོན་གྱི་གྲ་སྒྲིག་བྱ་བའི་འཕེལ་རིམ་བདེ་བླག་ཡིན་པ་དང་། གྲ་སྒྲིག་ལས་ཁུངས་ཀྱི་ཚན་ཆུང་སོ་སོ་དང་སྡེ་ཚན་སོ་སོས་ཆབ་སྲིད་སྨྲ་བ་དང་སྤྱི་ཡོངས་ལ་བལྟས་ཏེ། ཚོགས་ཆེན་གྱི་གྲ་སྒྲིག་ཇུས་གཞི་ལ་དམིགས་ནས་རང་འགུལ་ངང་ཁག་ཁུར་ཡོད་པ་དང་རྩ་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ཏེ། ཚོགས་ཆེན་བདེ་བླག་ངང་བསྡུ་ཆེད་གྲ་སྒྲིག་བྱ་བ་མང་པོ་བསྒྲུབས་པ་དང་། གྲ་སྒྲིག་བྱ་བ་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཚོགས་ཆེན་གྱི་གྲ་སྒྲིག་ལས་ཁུངས་ཀྱི་ཚན་ཆུང་སོ་སོ་དང་སྡེ་ཚན་སོ་སོས་སྤྱོད་ཚུལ་ཡག་པོ་མུ་མཐུད་དར་སྤེལ་ཡག་པོ་བྱེད་པ་དང་། ལངས་གནས་མཐོར་འདེགས་དང་བྱ་བའི་འགན་འཁྲི་དངོས་གཉེར་བྱེད་པ། འབྲེལ་འདྲིས་གཞོག་འདེགས་དང་མཉམ་ལས་ལ་ཤུགས་སྣོན་པ། ཞིབ་ཆ་དང་དོ་དམ་ལ་ཤུགས་སྣོན་པ། ཚོགས་ཆེན་གྱི་སྒྲིག་ལམ་དང་སྤྱོད་ཚུལ་སྔར་ལས་ནན་མོ་ཡོང་བར་བྱས་ནས་བྱ་བ་ཁག་ལ་གཅིག་གྱུར་སྒོས་དམ་འཛིན་དང་སྤྱི་སྡོམ། འཆར་འགོད་ཡག་པོ་བྱེད་པ་དང་། འགན་སྒྲུབ་ནན་མོ་བྱེད་པ། བྱ་བའི་མཉམ་ཤུགས་གཅིག་ཏུ་བསྡུས་ཏེ་གྲོས་ཚོགས་ཀྱི་ཞབས་ཞུའི་འགན་སྲུང་ལས་འགན་མཉམ་དུ་ལེགས་འགྲུབ་བྱེད་དགོས་ལ། གཙོ་གནད་བྱ་བ་དང་དུས་རྒྱུན་གྱི་བྱ་བ་གཉིས་ཀ་འཐུས་ཤོར་མེད་པ་དང་བྲེལ་བ་ཆེ་ཡང་གོ་རིམ་ལྡན་པར་བྱེད་དགོས་པ་དང་། གཅིག་བཟུང་གཅིག་ཤོར་འབྱུང་བར་བཀག་འགོག་བྱས་ནས་ཚོགས་ཆེན་བདེ་ལེགས་ངང་བསྡུ་བར་འགན་སྲུང་བྱེད་དགོས།
ཚོགས་ཆེན་གྱི་གྲ་སྒྲིག་ལས་ཁུངས་ཀྱི་ཚན་ཆུང་སོ་སོའི་འགན་ཁུར་མི་སྣ་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་པ་གྲོས་ཚོགས་ལ་ཞུགས།
མི་ཕམ་མགོན་པོས་བསྒྱུར།