ཟླ1ཚེས2ཉིན་ནས་ཚེས7ཉིན་བར་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཧོང་ཞའོ་ཝེ་སྔ་རྗེས་སུ་མཚོ་སྔོན་དང་ཀན་སུའུ་རུ་བསྐྱོད་དེ་བུད་མེད་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་གསར་བའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ཡོངས་ལ་ཐུན་མོང་གིས་གྲོས་མོལ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་གོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སྒྲོག་སྦྱོང་བྱས་པར་མ་ཟད། ཅི་ཧྲི་ཧྲན་ས་ཡོམ་གནོད་ཁུལ་དུ་བསྐྱོད་དེ་རྒྱལ་སྲིད་ཨུ་ཡོན་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་དབྱི་ཆིན་གྱི་ཚབ་བྱས་ཏེ་བུད་མེད་བྱིས་པ་དང་བུད་མེད་དང་བླངས་པར་གཟིགས་ཞིབ་འཚམས་འདྲི་དང་། གྲོང་གསེབ་ཏུ་བུད་མེད་དར་རྒྱས་གཏོང་བའི་བྱ་སྤྱོད་དང་ཕ་མ་གམ་དུ་མེད་པའི་བྱིས་པར་གཅེས་སྐྱོང་བྱེད་པ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་། ཁོང་གིས་བསྟན་དོན། རིམ་པ་ཁག་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་བུད་མེད་ཀྱི་དྲོད་ཁོལ་ལྡན་པའི་སྤྱི་ཕན་བྱེད་སྒོ་ཏན་ཏིག་ངང་སྤེལ་ནས། ཏང་གི་དྲོད་ཁོལ་ངེས་པ་དོན་གྱིས་བུད་མེད་དང་བྱིས་པ། ཁྱིམ་ཚང་བཅས་སུ་སྐྱེལ་དགོས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཆེ་ཤོས་དེ་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས་བུད་མེད་ཀྱི་བྱས་རྗེས་འཇོག་པའི་བྱེད་སྒོ་སྤེལ་བ་དང་མི་རིགས་ཁག་གི་བུད་མེད་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱེད་དགོས།
ཚེས3ཉིན་གྱི་ཞོགས་པར་ཧོང་ཞའོ་ཝེ་ས་ཡོམ་ཁྲོད་གནོད་འཚེ་ཕོག་པའི་མཚོ་སྔོན་མེན་ཧོ་རྫོང་དང་ཀན་སུའུ་ཅི་ཧྲི་རྫོང་དུ་བསྐྱོད་པ་དང་། མེན་ཧོ་རྫོང་ཀོན་ཐིན་གྲོང་རྡལ་དཀྱིལ་སྙིང་སློབ་ཆུང་དུ་ཁོ་མོས་ལུས་རྩལ་ཐང་དུ་བྱེད་སྒོ་སྤེལ་བཞིན་པའི་བྱིས་པ་ཚོ་དང་མཉམ་དུ་ཁ་བརྡ་བྱས་པར་མ་ཟད། ཁོ་ཚོར་གཅེས་སེམས་མཚོན་པའི་དཔེ་ཁུག་བྱིན། ཅི་ཧྲི་ཧྲན་གྲོང་རྡལ་ཏ་ཧི་ཅ་སྡེ་བའི་སློབ་ཆུང་གི་གནས་སྐབས་སློབ་ཁྲིད་ས་ཚུགས་སུ་ཁོ་མོས་སེམས་ཁམས་ཁྲིད་སྟོན་དང་ལེན་བྱེད་པའི་བྱིས་པ་ཚོ་དང་བསམ་ཚུལ་བརྗེ་རེས་བྱས་ནས་ཚང་མར་སློབ་སྦྱོང་ཡག་པོ་བྱས་ཏེ་དཀའ་ངལ་ལ་སྤོབས་པ་ཆེན་པོས་ཁ་གཏད་འཇལ་དགོས་པའི་སྐུལ་ལྕག་གནང་། ཧོང་ཞའོ་ཝེ་ས་ཡོམ་ཁྲོད་བྱིས་པ་འདས་ཟིན་པའི་ཨ་མའི་ཁྱིམ་དུ་སོང་ནས་ཁོ་མོ་དང་མཉམ་དུ་བསྡད་དེ་སེམས་གསོ་བྱས་པ་དང་འཚམས་འདྲིའི་དངོས་པོ་བྱིན།
“དཔྱིད་ཆར་སྣུམ་སྣོན་ས་ཚིགས”ནི་ཀྲུང་གོ་བྱིས་པའི་ཐེབས་རྩ་ལྷན་ཚོགས་དང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པས་མཉམ་འབྲེལ་སྒོས་ལག་བསྟར་བྱས་པ་ཞིག་ཡིན་ལ། ཏུང་ཞང་རྡོ་སྣུམ་རྫས་འགྱུར་བཟོ་ལས་སློབ་འབྲིང་དུ་ཧོང་ཞའོ་ཝེ་ཡིས་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་གིས་བསྒྲུབས་པར་བསྔགས་བརྗོད་བྱས་པར་མ་ཟད། སྤུས་ཚད་མཐོན་པོས་ཁྱིམ་ཚང་དང་སློབ་གྲྭ། མཉམ་ལས་ཁང་གིས་མཉམ་དུ་མི་སྣ་གསོ་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་བླང་བྱ་བཏོན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་གནས་གཏན་འཁེལ་གྱི་རོགས་སྐྱོར་བྱ་ཡུལ་ཞི་ཧི་རྫོང་དུ་ཁོ་མོས་ཁྲང་ཏའོ་གྲོང་རྡལ་ཉིན་ཅ་སྡེ་བར་སོང་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་སུ་ཞུགས་པ་དང་། དཀའ་ངལ་ཡོད་པའི་ཁྱིམ་ཚང་དབྱང་ཀུའེ་ལན་གྱི་ཁྱིམ་དུ་བསྐྱོད་ནས་ལོ་སར་གྱི་དངོས་ཟོག་བསྐྱལ། ཞི་ཧི་ལས་རིགས་འབྲིང་རིམ་ཆེད་སྦྱོང་སློབ་གྲྭའི་སློབ་གྲོགས་ཚོས་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བའི་ཁྲོད་ནས་མི་ཚེ་ལ་མཚར་སྡུག་ལྡན་པར་བྱེད་དགོས་པའི་སྐུལ་མ་བཏང་། ཏུན་ཧོང་གྲོང་ཁྱེར་གྱིས་བྱིས་པའི་མཛའ་གྲོགས་གྲོང་ཁྱེར་ཧུར་ཐག་གིས་བསྐྲུན་བཞིན་ཡོད་པ་དང་ཁོ་མོས་བྱིས་པའི་མཛའ་མཐུན་འདུ་ཤེས་དེ་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་གྱི་ཕྱོགས་གང་སར་དོན་འཁྱོལ་བྱེད་དགོས་ཞེས་ནན་གྱིས་བསྟན། ཏུན་ཧོང་ཞིབ་འཇུག་ཁང་དུ་ཧོང་ཞའོ་ཝེ་ཡིས“རིག་དངོས་སྲུང་སྐྱོང་གི་ཕུལ་བྱུང་ལེགས་སྐྱེས་འབུལ་མཁན”དང་རྒྱལ་ཡོངས་གསུམ་བརྒྱད་དར་དམར་སྒྲེང་མཁན་གྱི་དཔེ་སྟོན་པ་ཧྥན་ཅིན་ཧྲུའུ་ལ་བྱམས་བརྩེའི་ངང་འཚམས་འདྲི་དང་བུད་མེད་ལས་བཟོ་པ་ཚོ་དུས་རབས་ཀྱི་བྱ་བ་སྒྲུབ་མཁན་དང་ཕུགས་འདུན་དོན་གཉེར་བྱེད་མཁན་ཞིག་ཏུ་འགྱུར་བར་འབད་འཐབ་བྱེད་དགོས་པའི་རེ་བ་བཏོན། རྟོག་ཞིབ་བྱེད་སྐབས་ཧོང་ཞའོ་ཝེ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་དང་ཀན་སུའུ་ཞིང་ཏང་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲིན།ས་གནས་གཉིས་ཀྱི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་དང་ཧྲི་མོ་ཅུན་བཅས་དང་མཉམ་དུ་བུད་མེད་བྱ་བའི་ཐད་ནས་བསམ་ཚུལ་བརྗེ་རེས་བྱས།