མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་གཞིས་ཁུལ་བཅོས་སྒྲིག་གི་འགུལ་རྣམ་དབྱེ་ཞིབ་ཞིབ་གཅོད་ཚོགས་འདུ་བསྡུས།
2024.01.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ1ཚེས8ཉིན།    ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས2023ལོའི་ཞིང་ཆེན་ཡོངས་ཀྱི་གཞིས་ཁུལ་བཅོས་སྒྲིག་གི་འགུལ་རྣམ་དབྱེ་ཞིབ་ཞིབ་གཅོད་ཚོགས་འདུ་བསྡུས་ཏེ་བྱ་བར་སྤྱི་སྡོམ་དང་གནད་ཕིགས་དབྱེ་ཞིབ་བྱས་པར་མ་ཟད།   མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཞིང་ཆེན་ཡོངས་ཀྱི་གཞིས་ཁུལ་བཅོས་སྒྲིག་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གཞིས་ཁུལ་བཅོས་སྒྲིག་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་བཏང་།

གྲོས་ཚོགས་སྟེང་དུ།   2023ལོའི་ཚུན་ལ་ཞིང་ཆེན་ཡོངས་ཀྱི་གཞིས་ཁུལ་བཅོས་སྒྲིག་སྡེ་ཁག་གིས་རང་འགུལ་ངང་ཆབ་སྲིད་འགན་འཁྲི་ཁག་ཁུར་བྱས་པ་དང་།   རང་འགན་གཙང་སྒྲུབ་ཁྲོད་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་བསྡུས་བྱས་ལ།    སྤྱི་ཡོངས་ནང་འདྲེས་པར་བྱེད་པའི་ཁྲོད་དུ་གནད་ཕིགས་ཇུས་བསྟར་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར། དོན་འཁྱོལ་བྱེད་རྒྱུ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞིས་ཁུལ་བཅོས་སྒྲིག་བཅའ་ཁྲིམས་ལག་བསྟར་བྱེད་པ།  བརྗོད་དོན་སློབ་གསོ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་བདེ་འཇགས་གཏན་འཇགས་སོགས་བྱ་བ་གཙོ་བོར་གཅིག་གྱུར་འཆར་འགོད་དང་གཅིག་གྱུར་སྐུལ་འདེད།    མཉམ་དུ་དོན་འཁྱོལ་བྱེད་པ་བཅས་རྒྱུན་འཁྱོངས་བྱས།     གཞིས་ཁུལ་བཅོས་སྒྲིག་གི་ཁྲིམས་འཛིན་ཚད་ལྡན་ཅན་མཐོར་འདེགས་ལོ་སོགས་ཆེད་དོན་འགུལ་སྐྱོད་ལ་ཆེད་དོན་བཀོད་སྒྲིག་བྱས།    ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ་ཁྲིམས་ལྟར་ཞིང་ཆེན་དང་གྲོང་ཁྱེར་རམ་ཁུལ།  རྫོང་བཅས་རིམ་པ་གསུམ་གྱི་གཞིས་ཁུལ་བཅོས་སྒྲིག་སྡེ་ཁག་ཚད་ལྡན་ངང་བཀོད་སྒྲིག་བྱས།     ཞིང་ཆེན་གཞིས་ཁུལ་བཅོས་སྒྲིག་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ་གཞིས་ཁུལ་བཅོས་སྒྲིག་འགན་ནུས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་པ་དང་ཞིང་ཆེན་ཡོངས་ཀྱི་གཞིས་ཁུལ་བཅོས་སྒྲིག་བྱ་བའི་ཚད་ལྡན་འཁོར་སྐྱོད་ལ་སྐུལ་འདེད་བཏང་ཞེས་བསྟན།

གྲོས་ཚོགས་སྟེང་དུ།  2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་དོན་ལྔ་ལོན་པའི་ལོ་ཡིན་པ་དང་།    ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་མངོན་འགྱུར་གྱི་གནད་འགག་གི་ལོ་ཡིན་པས།    ཞིང་ཆེན་ཡོངས་ཀྱི་གཞིས་ཁུལ་བཅོས་སྒྲིག་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཏེ་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ།    རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ་བཅས་བྱེད་དགོས་ལ།    གནད་དོན་དབྱེ་ཞིབ་ལ་ཤུགས་སྣོན་པ་དང་བཅོས་སྒྱུར་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ།     2024ལོའི་བྱ་བའི་དམིགས་འབེན་དོན་འཁྱོལ་བྱེད་པར་དམིགས་ནས་འབད་འཐབ་ལྷོད་མེད་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གཞིས་ཁུལ་བཅོས་སྒྲིག་གི་བྱ་བའི་ལས་འགན་སོ་སོ་དོན་འཁྱོལ་བྱས་ནས་གྲུབ་འབྲས་ཐོབ་པར་བྱེད་དགོས་པའི་བླང་བྱ་བཏོན།

ལྷ་མོ་ཚེ་རིང་གིས་བསྒྱུར།