ཞི་ཅིན་ཕིང་དང་ཧྥུན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐའོ་རྣམ་གཉིས་ཀྱིས་བརྙན་རིས་གྲོས་མོལ་མཛད།
2024.01.11 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 19

ཟླ་1ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥུན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐའོ་རྣམ་གཉིས་ཀྱིས་བརྙན་རིས་གྲོས་མོལ་མཛད།

ཟླ1ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥུན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐའོ་རྣམ་གཉིས་ཀྱིས་བརྙན་རིས་གྲོས་མོལ་མཛད།

ཟླ1ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥུན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐའོ་རྣམ་གཉིས་ཀྱིས་བརྙན་རིས་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་ཧྥུན་ལན་ནི་ཆེས་ཐོག་མར་ཀྲུང་གོ་གསར་བའི་བར་འབྲེལ་བ་བཙུགས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། དུས་ཡུན་རིང་བོར་ཀྲུང་གོའི་བར་མཛའ་མཐུན་སྲིད་ཇུས་རྒྱུན་འཁྱོངས་བྱས་ཡོད་ལ། ཁྱད་པར་དུ་ཙུང་ཐུང་ཉི་ཉི་སི་ཐའོ་ཡིས་ཧྥུན་ལན་དང་ཀྲུང་གོའི་བར་གྱི་དངོས་གཉེར་མཉམ་ལས་དང་ཁྱབ་ཁོངས་སོ་སོའི་མཛའ་མཐུན་འགྲོ་འོང་ལ་སྐུལ་འདེད་གཏོང་བར་རྩེ་གཅིག་ཏུ་གཞོལ་བས། ངས་དེར་གཟེངས་བསྟོད་བྱེད་བཞིན་ཡོད་ཅེས་གསུངས། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཧྥུན་ལན་གྱི་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་ནགས་ཚལ་བཟོ་ལས་དང་། ཞིང་ལས་ཟས་རིགས་ཐོན་རྫས། བརྡ་འཕྲིན་འཕྲིན་གཏོང་། ནུས་ཁུངས་ཁོར་སྲུང་། ཚན་རྩལ་སློབ་གསོ། དགུན་ཁའི་ལུས་རྩལ་འགུལ་སྐྱོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་སོང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱིས་ཕན་ཐོགས་བསྐྲུན་ཡོད་པས་དོན་དེར་ང་དགའ་སྤྲོ་སྐྱེས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཧྥུན་ལན་གྱི་འབྲེལ་བར་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཡོད་ལ། དེའི་གཞི་རྩའི་རྒྱུ་རྐྱེན་ནི་ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་མཉམ་གནས། གཉིས་ཕན་མཉམ་ལས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་པས་རེད། ཀྲུང་གོས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥུན་ལན་བར་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ནས། གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་པ་དང་མ་འོངས་པར་ཁ་ཕྱོགས་པའི་རྣམ་པ་གསར་བའི་མཉམ་ལས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་ལས་དོན་གྱི་མཐུན་སྦྱོར་ལ་ཤུགས་སྣོན་པ། མཉམ་དུ་ཕྱོགས་མང་རིང་ལུགས་དར་སྤེལ་བྱེད་པ། རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱས་ཏེ། འཛམ་གླིང་ཡོངས་ཀྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གལ་ཆེན་འཇོག་འདོད་ཡོད། མིག་སྔའི་ཟང་ཟིང་གི་རྒྱལ་སྤྱིའི་གནས་བབ་འོག ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་འཐབ་ཇུས་དོན་སྙིང་དང་འཛམ་གླིང་ཡོངས་ཀྱི་ཤུགས་རྐྱེན་སྔར་ལས་འབུར་ཐོན་དུ་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥུན་ལན་དང་བཅས་པའི་ཡོ་རོབ་གླིང་གི་རྒྱལ་ཁབ་དང་མཉམ་དུ་འཐབ་ཇུས་མིག་རྒྱང་རིང་བོས་ཕན་ཚུན་ལ་བརྩི་འཇོག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བར་སྲུང་སྐྱོབ་དང་འཕེལ་རྒྱས་སུ་བཏང་ནས་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ཅེས་གསུངས།

ཉི་ཉི་སི་ཐའོ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་གཉིས་ལ་ཧྥུན་ལན་དུ་འཚམས་འདྲི་བྱས་པ་དང་ངས་ཀྲུང་གོར་འཚམས་འདྲི་བྱས་པའི་སྣང་ཚུལ་དེ་ངས་གསལ་བོར་དྲན་ཡོང་། ང་ཚོའི་ཐེངས་མང་བོའི་འགྲོ་འོང་ལས་ང་ལ་བག་ཆགས་ཟབ་མོ་བཞག་ཡོད། ང་ཚོས་མཉམ་དུ་ཁྱབ་བསྒྲགས་བྱས་ནས་བཙུགས་པའི་མ་འོངས་པར་ཁ་ཕྱོགས་པའི་ཧྥུན་ལན་དང་ཀྲུང་གོའི་རྣམ་པ་གསར་བའི་མཉམ་ལས་གྲོགས་པོའི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། པྲོག་གསར་གློ་ཚད་རིམས་ནད་སྐབས་སུའང་ཕྱོགས་གཉིས་ཀྱིས་མཉམ་ལས་གང་ལེགས་བྱས། ཀྲུང་གོའི་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ལ། ཀྲུང་གོའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད། ཧྥུན་ལན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་སྦས་ཤུགས་སྔོན་འདོན་གང་ལེགས་བྱེད་པ་དང་། གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ནས། ཧྥུན་ལན་དང་ཀྲུང་གོ། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད། ཧྥུན་ལན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་ཇེ་ཟབ་ཏུ་བཏང་སྟེ་མཉམ་དུ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་འདོད་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ད་རུང་ཕན་ཚུན་ལ་ལོ་སར་གྱི་འཚམས་འདྲི་མཛད། ཉི་ཉི་སི་ཐའོ་ཡིས་ཀྲུང་གོའི་མི་དམངས་ལ་ལོ་གསར་བའི་ནང་བདེ་སྐྱིད་ལྡན་པ་དང་ཅི་བསམ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུས།


བསོད་ནམས་ཚེ་རིང་གིས་བསྒྱུར།