རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས2024ལོའི་ཐུན་མོང་སློབ་སྦྱོང་ཐེངས་དང་པོ་བྱས།
2024.01.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ1ཚེས10ཉིན། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚནཁག་གིས2024ལོའི་ཐུན་མོང་སློབ་སྦྱོང་ཐེངས་དང་པོ་སྤེལ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འཕེལ་རིམ་གསར་བ་དང་ཕན་འབྲས་གསར་བ་སྤྱི་སྡོམ་བྱས་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་འཕྲད་པའི་གནས་བབ་གསར་བ་དང་ལས་འགན་གསར་བར་དབྱེ་ཞིབ་གཏིང་ཟབ་བྱས་ལ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་མཐུད་ངང་ཤུགས་འདོན་པ་དང་སྐུལ་འདེད་གཏོང་བར་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། ལྷག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་རང་ངོས་གསར་བརྗེའི་དགོངས་པ་རྒྱས་བཤད་གཏིང་ཟབ་གནང་ཡོད་ལ། ཏང་གི་རང་ངོས་གསར་བརྗེའི་ལག་ལེན་ཁྲོད་མཁོ་བའི་གནད་དོན་དགུ་གསལ་བོར་བཏོན་པ་ནི་དུས་རབས་གསར་བའི་ཏང་འཛུགས་གཞུང་ལུགས་འཕེལ་རྒྱས་དང་ལག་ལེན་ཉམས་མྱོང་ཐད་ཀྱི་ཚན་རིག་དང་མཐུན་པའི་སྤྱི་སྡོམ་ཡིན་ལ། དེར་ཤུགས་དྲག་པའི་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན། ཁ་གཏད་རང་བཞིན་བཅས་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་སྒྲུབ་པ། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་བླང་བྱ་ལྟར། སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་རང་རྟོགས་ངང་ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཇུས་ཆོད་བཀོད་སྒྲིག་དེ་འགུལ་སྐྱོད་དངོས་སུ་བསྒྱུར་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡིས་ཏང་གིས་མི་དམངས་སྲིད་གྲོས་ལ་མགོ་ཁྲིད་བྱེད་པའི་ཆབ་སྲིད་ལས་འགན་གལ་ཆེན་ཕྲག་སྟེང་དུ་བླངས་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལས་འགན་གཙོ་བོ་ལག་བསྟར་ནན་མོ་བྱེད་དགོས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཏང་གི་འདུ་ཤེས་དང་ཆབ་སྲིད་འདུ་ཤེས། འགན་འཁྲིའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། རང་འགུལ་ངང་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོང་བྱེད་དགོས། སྲིད་གྲོས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་གཏོང་བ་དང་རུལ་སུངས་ལ་ནམ་ཡང་གུ་ཡངས་མེད་པའི་སྒོ་ནས་ཆད་གཅོད་བྱེད་དགོས། ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ལམ་སྐོར་གྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་ནས་ཡང་དག་པའི་འཛམ་གླིང་ལྟ་བ་དང་དབང་ཆའི་ལྟ་བ། ལས་དོན་ལྟ་བ་ཆགས་པར་བྱས་ནས་རུལ་སུངས་འགོག་ཟོན་བྱེད་པའི་བསམ་བློ་ཀུན་སྤྱོད་ཀྱི་ཚད་མཐའ་སྲ་བརྟན་དུ་གཏོང་དགོས།

མི་ཕམ་མགོན་པོས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།