ཟླ1ཚེས10ཉིན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་པ་དང་། དམངས་ཆེན་གྱི་ཏང་འཛུགས་སྐྱོང་དང་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བྱས་པ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཏང་ཙུའུ་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཚོགས་འདུར་འགོ་འཛིན་མཛད་ནས་གསུང་བཤད་གནང་། ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་དུ་ནམ་ཡང་བློ་བརྟན་འགྱུར་མེད་ངང་ཡར་བརྩོན་བྱེད་པ་དང་། གནད་སྨིན་ཤུགས་འདོན་དང་བསྟུད་མར་ཤུགས་སྣོན་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ཐོབ་པར་བྱེད་པ་བཅས་ཀྱི་ཐད་ལ་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། ཚང་འཛོམས་གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་རྒྱས་བཤད་གཏིང་ཟབ་མཛད་པ་ལས་ཏང་གི་ངོ་བོ་དང་དམིགས་ཡུལ། ཐོག་མའི་འགན་འཁྲི། ཆབ་སྲིད་ཀྱི་གཤིས་རྒྱུད། ཆབ་སྲིད་ཀྱི་ལེགས་ཆ་བཅས་གཅིག་བསྡུས་སྒོས་མཚོན་ཡོད་པས། རང་རེའི་ཏང་གི་རང་ངོས་གསར་བརྗེ་སྐོར་གྱི་ཆོས་ཉིད་ཐད་ཀྱི་ངོས་འཛིན་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་རང་ངོས་གསར་བརྗེ་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་ཁྲིད་སྟོན་བྱེད་པའི་ཚད་ལྡན་ཡིག་ཆ་གལ་ཆེན་ཞིག་ཡིན་པས། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས།
ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མུ་མཐུད་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ཏེ“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་དེ་ཏང་གི་བཀོད་འདོམས་ལ་ཉན་པ་དང་ཏང་གི་ཆེད་དུ་འགན་འཁྲི་འཁུར་བའི་བྱ་སྤྱོད་དངོས་ལ་འགྱུར་བར་བྱེད་དགོས། ཏང་ཙུའུ་ཡི་བློ་མཐུན་གྱིས་རང་ངོས་གསར་བརྗེའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་པའི་ཚད་གཞི་ལྟར་རང་ཉིད་ལ་བླང་བྱ་ནན་མོ་འདོན་པ་དང་། རང་ཉིད་སྦྱོང་བརྡར་དང་། རང་ཉིད་གཅུན་འདོམས། རང་ཉིད་སྒྱུར་བཀོད་བཅས་ཟམ་མི་ཆད་པར་བྱེད་པ། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། རང་རྟོགས་ངང་མཐུན་སྒྲིལ་འབད་འཐབ་བྱས་ནས་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན་བྱེད་པ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་བླང་བྱ་ལག་ལེན་ཧུར་ཐག་བྱེད་དགོས། དམངས་ཆེན་ནི་ཆབ་སྲིད་ལས་ཁུངས་ཡིན་པས་དམངས་ཆེན་གྱི་ལས་དོན་ལ་ཆབ་སྲིད་ཀྱི་ངོ་བོ་ཆེན་པོ་ལྡན། ཆབ་སྲིད་ལེགས་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་། ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཐོག་ནས་ཁ་ཕྱོགས་གསལ་འབྱེད་དང་ཡིན་མིན་གསལ་འབྱེད་བྱེད་མཁས་པོ་བྱས་ཏེ། དམངས་ཆེན་གྱི་བྱ་བ་སྣ་ཚོགས་ཁྲོད་ཆབ་སྲིད་ཀྱི་ཁ་ཕྱོགས་གཏན་འཁེལ་དང་ཆབ་སྲིད་ཀྱི་བླང་བྱ་དོན་འཁྱོལ་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས། ཉེན་ཁའི་འདུ་ཤེས་དང་མཐའ་ཚད་བསམ་བློ་ཆེ་རུ་བཏང་ནས་ནོར་འཁྲུལ་གྱི་བསམ་བློའི་རླབས་རྒྱུན་དང་ནོར་འཁྲུལ་གྱི་ལྟ་བ་སྣ་ཚོགས་ལ་ངེས་པར་དུ་ཚད་མཐོའི་དོགས་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།
ཚོགས་འདུའི་སྟེང་སྤྱོད་བསྲང་སྒྲིག་གཅུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་འཛུགས་པ། མི་དམངས་ལ་བཅངས་པའི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བའི་ཐད་རང་རྟོགས་ཆེ་རུ་གཏོང་བ། བྱ་བ་སྣ་ཚོགས་བདེན་འཚོལ་དངོས་སྒྲུབ་དང་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། ཏང་གཤིས་དང་ཏང་སྲོལ་ཏང་ཁྲིམས་བཅས་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་སྐོར་ཞིབ་དག་ཐེར་དང་ལས་ཁུངས་ནང་ཁུལ་དུ་སྐོར་ཞིབ་གཏིང་ཟབ་ཏུ་སྤེལ་བ། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་རྩད་གཅོད་ལ་ཤུགས་སྣོན་པ་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས་རུལ་སུངས་ལ་རྒོལ་བའི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་དོན་འཁྱོལ་ནན་ཏན་དང་། དོ་དམ་ནན་མོ། གཅེས་སྐྱོང་ཟུང་འབྲེལ། སྐུལ་ལྕག་དང་གཅུན་འདོམས་གལ་ཆེན་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཡོངས་དམངས་ཆེན་གྱི་ཏང་འཛུགས་སྐྱོང་དང་ཏང་དོ་དམ། ཏང་བཅོས་སྐྱོང་བྱེད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ལིས་ཧུང་ཀྲུང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་ཝང་ཏུང་མེན་དང་། ཞའོ་ཅེ། ཐེ་ཉིང། ཕིན་ཆིན་ཧྭ། ཀྲང་ཆིན་ཝེ། ཞུའེ་ཁེ་ལའེ་ཐི·ཀྲ་ཁི་ཨར། ལིའུ་ཆི་བཅས་ཚོགས་འདུར་ཞུགས།