ཟླ1ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་མར་ཏི་ཝེ་ཡི་ཙུང་ཐུང་མུའུ་དབྱི་ཚི་དང་མཉམ་དུ་གྲོས་མོལ་གནང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་མར་ཏི་ཝེའི་འབྲེལ་བ་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་སྤར་རྒྱུ་ཁྱབ་བསྒྲགས་མཛད།
ཚེས་བཅུ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་མར་ཏི་ཝེ་ཡི་ཙུང་ཐུང་མུའུ་དབྱི་ཚི་དང་མཉམ་དུ་གྲོས་མོལ་གནང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་མུའུ་དབྱི་ཚི་ལ་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།
ཚེས་བཅུ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིཔར་ཡོང་བའི་མར་ཏི་ཝེ་ཡི་ཙུང་ཐུང་མུའུ་དབྱི་ཚི་དང་མཉམ་དུ་གྲོས་མོལ་གནང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་མུའུ་དབྱི་ཚི་དང་ལྕམ་མོ་སཱ་ཅི་ཏ་ལ་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་མར་ཏི་ཝེ་རྒྱལ་ཁབ་གཉིས་ནི་སྲོལ་རྒྱུན་གྱི་མཛའ་འབྲེལ་ཁྱིམ་མཚེས་རྒྱལ་ཁབ་ཡིན། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་གནའ་བོའི་མཚོ་ཐོག་དར་གོས་ཚོང་ལམ་བརྒྱུད་དེ་མཛའ་འབྲེལ་བཙུགས་ཡོད། ཀྲུང་གོ་དང་མར་ཏི་ཝེའི་བར་འབྲེལ་བ་བཙུགས་ནས་ལོ་ང་གཉིས་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ནམ་ཡང་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་ཆེ་ཆུང་བར་འདྲ་མཉམ་ཡོང་བ་དང་ཕན་ཚུན་རོགས་རེས། གཉིས་ཕན་མཉམ་རྒྱལ་གྱི་མིག་དཔེ་བཙུགས་ཡོད། ཉེ་བའི་ལོ་འདི་དག་གི་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་མོར་གོང་དུ་སྤེལ་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། གནས་བབ་གསར་བའི་འོག་ཀྲུང་གོ་དང་མར་ཏི་ཝེའི་འབྲེལ་བ་སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་ཀྱི་ལོ་རྒྱུས་ཀྱི་གོ་སྐབས་དང་འཕྲད་ཡོད་པས། ཀྲུང་གོ་དང་མར་ཏི་ཝེའི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་རིམ་སྤོར་བྱ་རྒྱུ་ཡིན་ལ། དེ་ནི་ཀྲུང་གོ་དང་མར་ཏི་ཝེའི་འབྲེལ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རེ་འདུན་དང་ཡང་འཚམ། ཀྲུང་གོའི་ཕྱོགས་ཀྱིས་མར་ཏི་ཝེ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་མར་ཏི་ཝེ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་པར་ཤུགས་སྣོན་འདོད་ཡོད།
ཚེས་བཅུ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་མར་ཏི་ཝེ་ཡི་ཙུང་ཐུང་མུའུ་དབྱི་ཚི་དང་མཉམ་དུ་གྲོས་མོལ་གནང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་མུའུ་དབྱི་ཚི་ལ་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།
ཚེས་བཅུ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་མར་ཏི་ཝེ་ཡི་ཙུང་ཐུང་མུའུ་དབྱི་ཚི་དང་མཉམ་དུ་གྲོས་མོལ་གནང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་མུའུ་དབྱི་ཚི་ལ་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་དང་ཉམས་མྱོང་རྩ་ཆེན་འགྲེལ་བཤད་གསལ་བོ་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མར་ཏི་ཝེ་ཡིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་བར་བརྩི་འཇོག་དང་རྒྱབ་སྐྱོར་བྱས་ནས། མར་ཏི་ཝེ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་སྒེར་ཚུགས་དང་མངའ་ཁོངས་ཆ་ཚང་། མི་རིགས་ཀྱི་ལ་རྒྱ་བཅས་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་ཆེན་པོ་བྱེད་པ་དང་། མར་ཏི་ཝེ་བར་དུ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་ཐད་བསམ་བློ་བརྗེ་རེས་བྱས་ནས། འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་། རྒྱུད་གཅིག་ལམ་གཅིག་གི་སྤུས་ལེགས་འཕེལ་རྒྱས་མཉམ་བསྐྲུན་ལ་སྐུལ་འདེད་བྱས་ཏེ། ཀྲུང་གོ་དང་མར་ཏི་ཝེའི་མཛའ་འབྲེལ་ཐད་མིག་དཔེ་གསར་བ་འཛུགས་འདོད་ཡོད། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ཞིང་ལས་གླིང་ཁུལ། རྒྱ་མཚོའི་དཔལ་འབྱོར། ལྗང་མདོག་དཔལ་འབྱོར། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། མི་གཞུང་བརྗེ་རེས་ལ་ཤུགས་སྣོན་དགོས། ཀྲུང་གོའི་ཕྱོགས་ཀྱིས་མར་ཏི་ཝེ་ཡི་སློབ་མ་སྔར་ལས་མང་པོ་ཀྲུང་གོར་སློབ་གཉེར་བྱེད་དུ་ཡོང་བར་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་གཉིས་ཐད་ཀར་དུ་གཏོང་བའབི་གནམ་གྲུ་ཇེ་མང་དུ་གཏོང་བར་སྐུལ་འདེད་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་མར་ཏི་ཝེ་གཉིས་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ལྟ་ཚུལ་དང་ལངས་ཕྱོགས་འདྲ་མཚུངས་ཡིན། ཕྱོགས་གཉིས་ཀྱིས་ཕྱོགས་མང་མཐུན་སྦྱོར་རོགས་ལས་དམ་ཟབ་བྱས་ནས། ཕྱོགས་མང་རིང་ལུགས་ངོ་མ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱས་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་བསྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བྱས་ཤིང་། འཛམ་གླིང་སྔར་ལས་ཞི་བདེ་དང་བདེ་འཇགས། སྟོབས་འབྱོར་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་མར་ཏི་ཝེ་དང་མཉམ་དུ་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་གི་ཏིས་པེད་ཚོགས་ཆེན་གྱི་གཅིག་མཐུན་ལྟ་བ་དོན་འཁྱོལ་བྱས་ནས། ཕ་རེ་སིའི་གྲོས་ཆོད་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད།
ཚེས་བཅུ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་མར་ཏི་ཝེ་ཡི་ཙུང་ཐུང་མུའུ་དབྱི་ཚི་དང་མཉམ་དུ་གྲོས་མོལ་གནང་།
མུའུ་དབྱི་ཚི་ཡིས་བསྟན་དོན། ཐེངས་འདིར་རྒྱལ་སྲིད་ལས་ཁུངས་ཀྱི་པུའུ་ཀྲང་མང་པོ་ཁྲིད་ནས་ཀྲུང་གོར་ཐོག་མའི་རྒྱལ་དོན་འཚམས་འདྲིར་ཡོང་ཐུབ་པར་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ལ། ད་ལོར་ཀྲུང་གོས་སྣེ་ལེན་མཛད་པའི་ཕྱི་རྒྱལ་གྱི་མགོ་གཙོ་ཐོག་མ་རུ་གྱུར་ཡོད་པ་འདིས་ང་ཚོ་ཕྱོགས་གཉིས་ཀས་ཕན་ཚུན་བར་གྱི་འབྲེལ་བར་གདེང་འཇོག་མཐོན་པོ་བྱེད་པ་མཚོན་ཡོད། མར་ཏི་ཝེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བརྟན་སྲུང་དང་རྒྱལ་ཁབ་ཀྱི་བདག་དབང་སྒེར་ཚུགས་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་བྱེད་པའི་ཐད་ཕན་ཚུན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་པ་ནི། མར་ཏི་ཝེ་དང་ཀྲུང་གོའི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་རྨང་གཞི་ཡིན། ད་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མར་ཏི་ཝེ་ལ་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་གནང་ནས་ལོ་བཅུ་འཁོར་བའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མར་ཏི་ཝེའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་གལ་ཆེན་གནང་ཡོད་ལ། མར་ཏི་ཝེ་དང་ཀྲུང་གོའི་མཉམ་ལས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱས་ནས་མར་ཏི་ཝེ་ཡི་མི་དམངས་ལ་ཁེ་ཕན་ཆེན་པོ་བསྐྲུན་ཡོད། མེར་ཏི་ཝེ་དང་ཀྲུང་གོའི་མཛའ་འབྲེལ་གྱི་ཟམ་ཆེན་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་འབྲེལ་གྱི་མཚོན་རྟགས་ཡིན། ངས་ཐེངས་འདིར་ཧྥུའུ་ཅན་ལ་འཚམས་འདྲི་བྱེད་སྐབས། ཀྲུང་གོའི་འཕེལ་རྒྱས་ཐད་ཀྱི་གྲུབ་འབྲས་ཆེན་པོ་དངོས་སུ་མཐོང་བ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་མགོ་ཁྲིད་ནུས་ཤུགས་དངོས་སུ་ཉམས་སུ་མྱངས་ཡོད། མར་ཏི་ཝེ་ཕྱོགས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་པ་གོ་སྐབས་སུ་བཟུང་ནས། ཕན་ཚུན་མཉམ་འབྲེལ་གྱི་ལམ་གསར་བ་སྔར་ལས་ཀྱང་རྒྱ་ཆེ་རུ་གཏོང་བ་དང་། ཕན་ཚུན་གྱི་འབྲེལ་བར་གོ་དོན་གསར་བ་སྣོན་པ། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅི་མཉམ་བསྐྲུན་ལ་སྐུལ་འདེད་གཏོང་བ། མར་ཏི་ཝེ་དང་ཀྲུང་གོའི་འབྲེལ་བར་སྔར་ལས་མང་བའི་འཕེལ་རྒྱས་གསར་བ་བླངས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་བདེ་སྐྱིད་བསྐྲུན་པར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད། ཀྲུང་གོས་མི་གཞུང་བརྗེ་རེས་ཀྱི་ཆེད་དུ་ཐབས་ཇུས་གང་ལེགས་འཐེན་པར་དགའ་བསུ་བྱེད་པ་དང་། ཀྲུང་གོའི་ཡུལ་སྐོར་པ་མང་པོ་མར་ཏི་ཝེ་རུ་ཕེབས་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།
གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་མར་ཏི་ཝེའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་པའི་འཆར་གཞི་དང་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པ། གནོད་འཚེ་དོ་དམ། དཔལ་འབྱོར་ལག་རྩལ། རྒྱ་མཚོའི་དཔལ་འབྱོར། གཞི་གྲངས་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད། དམངས་ཚིས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་མཉམ་དུ་བདེན་དཔང་བྱས།
ཚེས་བཅུ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་མར་ཏི་ཝེ་ཡི་ཙུང་ཐུང་མུའུ་དབྱི་ཚི་དང་མཉམ་དུ་གྲོས་མོལ་གནང་། གྲོས་མོལ་གྱི་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱིས་མཉམ་ལས་ཡིག་ཆ་མང་པོརབཀོད་པར་མཉམ་དུ་བདེན་དཔང་བྱས།
ཚེས་བཅུ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་མར་ཏི་ཝེ་ཡི་ཙུང་ཐུང་མུའུ་དབྱི་ཚི་དང་མཉམ་དུ་གྲོས་མོལ་གནང་། གྲོས་མོལ་གྱི་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱིས་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་མཉམ་དུ་བདེན་དཔང་བྱས།
ཚེས་བཅུ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་མར་ཏི་ཝེ་ཡི་ཙུང་ཐུང་མུའུ་དབྱི་ཚི་དང་མཉམ་དུ་གྲོས་མོལ་གནང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་མུའུ་དབྱི་ཚི་དང་ལྕམ་མོ་སཱ་ཅི་ཏ་ལ་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།
གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་མུའུ་དབྱི་ཚི་དང་ལྕམ་མོ་སཱ་ཅི་ཏ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཉེར་གཅིག་བརྒྱབ་པ་དང་། གུས་དམག་རུ་དཔུང་གིས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་། དམག་དཔུང་རམ་དཀྲོལ་རུ་ཁག་གིས་ཀྲུང་གོ་དང་མར་ཏི་ཝེ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། མའོ་དབྱི་ཚི་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད་པར་མ་ཟད་གཟབ་སྦྲེང་རུ་ཁག་གི་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས།
ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་ཕིན་ལིན་ཡོན་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་མུའུ་དབྱི་ཚི་བཟའ་ཟླ་གཉིས་ལ་དགའ་བསུའི་གསོལ་སྟོན་བཤམས།
ཝང་དབྱི་གོང་གི་བྱེད་སྒོར་ཞུགས།
མུའུ་དབྱི་ཚི་ཡིས་ཀྲུང་གོར་འཚམས་འདྲི་བྱེད་པའི་སྐབས་སུ། ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མར་ཏི་ཝེ་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་གསར་འགྱུར་སྤྱི་བསྒྲགས》འགྲེམས་སྤེལ་བྱ་རྒྱུ་རེད།
ཤ་བོ་གསེར་མཚོས་བསྒྱུར།