ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་དང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་གྲོས་ཚོགས་ཟླ1ཚེས10ཉིན་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་སྐོར་གྱི་དགོངས་པ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་ནན་མོ་བྱས་ནས། ཆབ་སྲིད་ཀྱི་རང་རྟོགས་སྔར་ལས་མཐོན་པོ་དང་འགན་འཁྲི་ཁག་ཁུར་སྔར་ལས་ཆེན་པོས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བསམ་བློའི་འགན་སྲུང་བརྟན་པོ་དང་བསམ་པའི་སྟོབས་ཤུགས་ཆེན་པོ། རིག་གནས་ཀྱི་ཆ་རྐྱེན་ནུས་ལྡན་འདོན་སྤྲོད་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་པར་མ་ཟད་འབྲེལ་ཡོད་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས།
ཁྲིན་ཀང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་སྒྲོག་བསམ་བློ་རིག་གནས་དང་དྲ་འཕྲིན་བྱ་བ་དེ་ནམ་ཡང་རྒྱལ་སྲིད་སྐྱོང་བའི་གོ་གནས་གཙོ་བོར་བཞག་ཡོད། རང་ཞིང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་པ་དང་། དར་ཆ་མཐོན་པོར་སྒྲེང་བ་དང་དམངས་སེམས་གཅིག་ཏུ་བསྡུ་བ། མི་གསར་བ་སྐྱེད་སྲིང་བྱེད་པ། རིག་གནས་དར་སྤེལ་གཏོང་བ། སྣང་བརྙན་ངོམ་པའི་འགན་འཁྲི་ལས་འགན་ཕྲག་ཏུ་བླངས་ཏེ། དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས་པ་དང་། དྲ་འཕྲིན་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། དྲིལ་སྒྲོག་བསམ་བློ་རིག་གནས་དང་དྲ་འཕྲིན་བྱ་བ་བཟང་བོར་སྒྲུབ་རྒྱུ་དེ། ཏང་གི་སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་མང་ཚོགས་ཀྱི་རྨང་གཞི་དང་སྲིད་འཛིན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བར་ཧ་ཅང་གལ་ཆེ་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲ་བརྟན་དུ་གཏོང་བ་དང་བསམ་བློའི་འགོག་སྲུང་ཇེ་བརྟན་དུ་གཏོང་བར་ཧ་ཅང་གལ་ཆེ་ལ། བསམ་བློ་གཅིག་གྱུར་བྱེད་པ་དང་མི་སེམས་གཅིག་ཏུ་བསྡུ་བ་དང་། རིགས་སོ་སོའི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་པར་ཧ་ཅང་གལ་ཆེ་བས། ངེས་པར་དུ་གནས་བབ་གསར་བ་དང་ལས་འགན་གསར་བས་བསྩལ་བའི་ངེས་གནས་གསར་བ་དང་རེ་བ་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་། ལས་བྱེད་པས་བྱ་བ་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་རེ་བ་ལྟར། རང་ཞིང་གི་བསམ་བློ་རིག་གནས་དྲིལ་སྒྲོག་དང་དྲ་འཕྲིན་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ཇེ་བརྟན་དུ་གཏོང་བ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ཚན་རིག་གི་འགུལ་སྐྱོད་ཕྱོགས་སྟོན་བཀོལ་སྤྱོད་བཟང་བོ་བྱེད་པ། ཆེ་ཁྲོད་ཆུང་མཐོང་དང་ཆུང་ཁྲོད་ཆེ་མཐོང་བྱེད་པ་བརྒྱུད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་སེམས་ལ་སིམ་པར་བྱེད་པ་དང་བྱ་བའི་ཁྲོད་མངོན་པར་བྱེད་པ། ཏང་ཀྲུང་དབྱང་སེམས་བདེ་བ་དང་། མི་དམངས་མང་ཚོགས་ཡིད་ཚིམ་པར་བྱེད་པ། ལོ་རྒྱུད་ཀྱི་ཉམས་སད་ཐེག་ཐུབ་པར་བྱེད་དགོས། འགན་འཁྲི་ཁུར་དུ་བླངས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་ལ་ཁ་ཕྱོགས་ནས། སྙིང་སྟོབས་ཆེར་བསྐྱེད་པ་དང་དྲང་ཕྱོགས་ཀྱི་ནུས་ཚད་གཅིག་ཏུ་བསྡུ་དགོས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གནས་བབ་རྙོག་འཛིང་ལ་ཁ་ཕྱོགས་ནས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བདེ་འཇགས་ཀྱི་འགོག་ར་བརྟན་པོར་འཛུགས་དགོས། མགྱོགས་མྱུར་ངང་འཕེལ་བའི་ཆ་འཕྲིན་ཅན་གྱི་ཚ་རླབས་ལ་ཁ་ཕྱོགས་ཏེ། རང་འགུལ་གྱིས་འགྱུར་བ་ཤེས་པར་བྱེད་པ་དང་འགྱུར་བར་བསྟུན་ནས། མཉམ་འབྲེལ་དྲ་རྒྱའི་དུས་སྐབས་ཀྱི་འགྲན་རྩོད་ལ་ཁ་གཏད་འཇལ་དགོས། དུས་རབས་གསར་བའི་རིག་གནས་འཛུགས་སྐྲུན་གྱི་ལག་ལེན་རེ་བར་ཁ་ཕྱོགས་ནས། རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། མཚོ་སྔོན་གྱི་རིག་གནས་ལས་དོན་དར་རྒྱས་གོང་འཕེལ་ལ་གཏོང་དགོས། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་གསར་གཏོད་གཞུང་ལུགས་སྤྱད་དེ་སེམས་ཤུགས་གཅིག་སྒྲིལ་དང་བློ་སྒྲིལ་སེམས་སྐྱེད་བྱས་ཏེ། དུས་རབས་གསར་བར་བྱས་རྗེས་འཇོག་པའི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས། མཚོ་སྔོན་གྱི་རིག་གནས་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་འཚོལ་ཞིབ་བྱེད་པར་སྐུལ་འདེད་གཏོང་དགོས། ཤུགས་ཡོད་པ་དང་ནུས་པ་ལྡན་པའི་སྒོ་ནས་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཏེ། མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོར་བཤད་དགོས། མཉམ་འབྲེལ་དྲ་རྒྱའི་ཆེས་ཆེ་བའི་འགྱུར་ཚད་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཆེས་ཆེ་བའི་འཕར་ཚད་དུ་བསྒྱུར་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་བ། ཏང་གིས་དྲིལ་སྒྲོག་དང་འདུ་ཤེས་འཛིན་སྟངས། སྨྱན་བྱད་བཅས་ལ་དོ་དམ་བྱེད་པའི་རྩ་དོན་ཕྱོགས་ཡོངས་ནས་ལ་བསྟར་བྱས་ཏེ། ཁ་ཕྱོགས་གཏན་ཁེལ་བྱེད་པ་དང་ཁྲིད་ཕྱོགས་དམ་འཛིན་བྱེད་པ། གཡུལ་སར་དོ་དམ་བྱེད་པ། དཔུང་སྡེ་སྟོབས་ལྡན་དུ་བསྒྱུར་དགོས། བཅོས་སྒྱུར་གསར་གཏོད་ཐད་ཤུགས་འདོན་པ་དང་། སྨྱན་བྱད་མཉམ་བསྲེས་དང་རིག་གནས་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། དྲིལ་སྒྲོག་ཆེན་པོའི་རྣམ་པ་གྲུབ་པར་བྱེད་དགོས། ལམ་ལུགས་ཀྱི་འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་། སྒྲིག་གཞི་རྐྱེན་སྲོལ་ཐད་མཐུན་སྦྱོར་བྱས་ནས། ཁྲིམས་སྐྱོང་བསམ་བློ་དང་བྱེད་ཐབས་སྤྱད་དེ་བྱ་བ་སྤེལ་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས། ཤེས་ལྡན་མི་སྣའི་དཔུང་སྡེ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་། ལག་ལེན་སྦྱོང་བརྡར་དང་ཆེད་ལས་སྦྱོང་བརྡར། སློབ་གསོ་གསོ་སྦྱོང་ལ་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་དང་དྲ་འཕྲིན་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།
ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་བདེན་སྲུང་གསར་གཏོད་བྱས་ནས་རིག་གནས་དར་སྤེལ་གཏོང་བ་དང་། བསམ་བློ་གཏིང་ཟབ་པ་དང་སྒྱུ་རྩལ་རྩེར་སོན་པ། བཟོ་སྐྲུན་སྤུས་ཚད་ལེགས་པའི་བརྩམས་ཆོས་བཟང་བོ་སྔར་ལས་མང་པོ་རྩོམ་པ། རི་བོ་བརྗིད་ཅིང་ཆུ་མོ་དྭངས་པའི་རབ་མཛེས་མཚོ་སྔོན་གྱི་རིག་གནས་མཚོན་རྟགས་མངོན་གསལ་དྲིལ་སྒྲོག་བྱེད་པ། རིགས་མི་འདྲ་བའི་རིག་གནས་ཚོང་རའི་གཙོ་གཞི་རྒྱ་བསྐྱེད་དེ། རིགས་སོ་སོའི་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་དགོས། བཅོས་འཛུགས་གཉིས་འཛིན་གྱིས་དྲ་རྒྱ་སྟོབས་ལྡན་དུ་བསྒྱུར་བ་དང་། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲིའི་ལམ་ལུགས་དང་དྲ་རྒྱའི་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། ཤར་གྲངས་ནུབ་རྩིས་དང་ཤར་གྲངས་ནུབ་གསོག གཞི་གྲངས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། མཉམ་འབྲེལ་དྲ་རྒྱ་དང་སྤྱི་ཚོགས་ཞབས་ཞུ་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ཀྱིས་གཞི་གྲངས་འཚོ་བ་སྔར་ལས་ལོངས་སྤྱོད་བཟང་བོ་བྱེད་ཐུབ་པར་བྱེད་དགོས། སེམས་ཤུགས་གཅིག་བསྡུས་ཀྱིས་ལག་བསྟར་དམ་འཛིན་བྱེད་པ་དང་། ཏང་གི་དྲིལ་སྒྲོག་བསམ་བློ་རིག་གནས་དང་དྲ་འཕྲིན་བྱ་བའི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། མཉམ་འཛིན་མཉམ་སྡོམ་དང་མཉམ་ལས་ཕན་ལྡན་གྱི་བྱ་བའི་མ་དཔེ་གྲུབ་པར་བྱས་ཏེ། སྐྱོད་ལམ་གསར་བའི་དྲིལ་སྒྲོག་བསམ་བློ་རིག་གནས་དང་དྲ་འཕྲིན་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་བར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བ་དང་། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཡིག་ཐོག་ནས་རྒྱལ་ཡོངས་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་ལ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ཡིག་ཐོག་ནས་བརྗེ་རེས་བྱས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་གྲོས་ཚོགས་ལ་ཞུགས།
ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་མི་དམངས་ཚོགས་པ་སོ་སོ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་། ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཀྱི་ཏང་ཙུའུ། ཞིང་ཆེན་དམག་ཁུལ་ཆབ་སྲིད་བྱ་བ་ཅུའུ། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་སྨྱན་བྱད་དང་། ཞིང་ཆེན་གྱི་སྨྱན་བྱད་གཙོ་བོ། གྲོང་ཁྱེར་དང་ཁུལ། རྫོང་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ་དང་ཡང་ན་འབྲེལ་ཡོད་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།