《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར》ཟླ1པའི་ཚེས11ཉིན་ཁྱབ་བསྒྲགས་བྱས།
བསམ་འཆར་ནང་བསྟན་དོན། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན།
བསམ་འཆར་ནང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་འགག་སྒྲོལ་གཏིང་ཟབ་བྱས་ནས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་སྲ་བརྟན་དང་རྒྱ་བསྐྱེད་བཏང་ནས་སྐྱེ་ཁམས་ཁོར་ཡུག་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏོང་བ་དང་། “ལོ་ལྔའི་འཆར་འགོད་བཅུ་དྲུག་པའི”རིང་ཁྱོན་ཡོངས་ནས་མཐོར་འདེགས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་རྩ་བའི་ཆ་ནས་ཇེ་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན།
བསམ་འཆར་དེ་ལེའུ10དང་དོན་ཚན33ལ་དབྱེ་ཡོད་པ་དང་། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་གྱི་དམིགས་ཚད་ཐབས་ལམ་དང་། གཙོ་གནད་ལས་འགན། སྲིད་ཇུས་གལ་ཆེན་བཅས་ལ་དམིགས་ནས་བྱེད་ཐབས་ཞིབ་ཕྲ་བཏོན་པ་དང་། གཤམ་གསལ་གྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་སྟེ། འཕེལ་རྒྱས་གཏོང་སྟངས་གང་མགྱོགས་ངང་ལྗང་མདོག་ཅན་དུ་བསྒྱུར་བ་དང་། རྒྱུན་མཐུད་ངང་སྦགས་བཙོག་འགོག་བཅོས་འགག་སྒྲོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་འཇགས་རིང་བཞིན། རྒྱུན་མཐུད་རང་བཞིན་ཆེ་རུ་གཏོང་བ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་གྱི་བདེ་འཇགས་ཚད་མཐའ་བརྟན་པོར་སྲུང་བ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་གྱི་མིག་དཔེ་གཏོད་པ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་གྱི་དམངས་ཡོངས་ཀྱི་འགུལ་སྐྱོད་སྤེལ་བ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་གྱི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཡོད།
བསམ་འཆར་ནང་ད་དུང་ཟུར་ཚད་མི་འདྲ་བའི་ངོས་ནས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཡར་སྐུལ་རང་བཞིན་གྱི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་ཕྱོགས་སོ་སོས་མཛེས་པའི་ཀྲུང་གོ་མཉམ་སྐྲུན་དང་མཉམ་སྤྱོད་བྱེད་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་བསྐྱེད་ཡོད།
ཤ་བོ་གསེར་མཚོས་བསྒྱུར།