ཞི་ཅིན་ཕིང་གིས་པུས་ལི་ཧྲི་ཡི་དབུ་བཞུགས་བློན་ཆེན་ཏི་ཁི་ལའོ་དང་མཇལ་འཕྲད་གནང་།
2024.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37


ཟླ1པོའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་པུས་ལི་ཧྲི་ཡི་དབུ་བཞུགས་བློན་ཆེན་ཏི་ཁི་ལའོ་དང་མཇལ་འཕྲད་གནང་། 

ཟླ1པོའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་པུས་ལི་ཧྲི་ཡི་དབུ་བཞུགས་བློན་ཆེན་ཏི་ཁི་ལའོ་དང་མཇལ་འཕྲད་གནང་། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་པུས་ལི་ཧྲིའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་པུས་བར་ཕྱི་འབྲེལ་བཙུགས་ནས་ལོ53གྱི་རིང་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་སྐྲུན་ཡོད། ཀྲུང་གོ་དང་པུས་ལི་ཧྲི་ནི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཕན་ཁེ་ཐོབ་མཁན་ཡིན་པས་སྲུང་སྐྱོང་རིང་ལུགས་བཀག་འགོག་དང་རང་མོས་ཚོང་དོན་ལ་སྲུང་སྐྱོང་བྱེད་པའི་ཐད་ཐུན་མོང་གི་ཁེ་ཕན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྐུ་ཞབས་དབུ་བཞུགས་བློན་ཆེན་གྱིས་“འབྲེལ་ཐག་གཅོད་པར”ངོ་རྒོལ་བྱེད་པ་ཡོངས་བསྒྲགས་ཐེངས་མང་བྱས་པར་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། པུས་ལི་ཧྲི་ཡི་ཁེ་ལས་ཀྲུང་གོར་དངུལ་གཏོང་ལས་སྐྲུན་བྱེད་དུ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཁོ་ཚོར་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་མ་ཟད་ཀྲུང་གོའི་ཁེ་ལས་ལ་དྲང་གཞག་དང་། ཁ་གསལ། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཅིག་གཏོད་རྒྱུར་རེ་བ་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱིས་རང་སོ་སོའི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ་འགྲིམ་འགྲུལ་ཟོག་འགྲེམས་དང་སྐྱེ་དངོས་སྨན་བཟོ་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས་ལྗང་མདོག་འཕེལ་རྒྱས་དང་གྲངས་འཛིན་དཔལ་འབྱོར་སོགས་མཉམ་ལས་ཀྱི་འཕར་གཞི་གསར་པ་འཚོལ་ཞིབ་བྱས་ནས་གསར་སྐྲུན་བྱས་ཆོག ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་སྡེ་ཁག་དང་། ཁྲིམས་འཛུགས་ལས་ཁུངས། ས་གནས་ཞིང་ཆེན་དང་གྲོང་ཁྱེར་བཅས་བར་འགྲོ་འོང་དང་བརྗེ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཉིས་ཀྱི་ཡུལ་སྐོར་དང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མའི་བར་བརྗེ་རེས་བྱེད་རྒྱ་ཆེ་རུ་གཏོང་བ། ཕན་ཚུན་བར་རིག་གནས་བྱེད་སྒོ་ཆེ་གྲས་གཉེར་བ། དོམ་ཁྲར་སྲུང་སྐྱོང་དང་ཞིབ་འཇུག་བྱེད་པ། ཕན་ཚུན་ཤེས་རྟོགས་དང་དམངས་ཁྲོད་ཀྱི་མཛའ་གྲོགས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་པུས་ལི་ཧྲི་བར་གྱི་འབྲེལ་བར་སྒུལ་ཤུགས་གསར་པ་སྣོན་པ་དང་མདུན་ལམ་གསར་པ་གཏོད་པར་སྐུལ་སློང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་པུས་ལི་ཧྲི་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཀྱི་གྲོས་གཞིར་མཉམ་ལས་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཡོ་རོབ་ལ་འཛིན་པའི་སྲིད་ཇུས་ཡུན་རིང་བརྟན་ལྷིང་ཡོང་བར་བྱས་ནས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་དེ་ཀྲུང་གོའི་མཉམ་ལས་ཟླ་གྲོགས་སུ་བརྩི་བཞིན་ཡོད། ཡོ་རོབ་འདི་ཉིད་སྣེ་མང་འཛམ་གླིང་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད། ཟང་ཟིང་དུ་གྱུར་པའི་རྒྱལ་སྤྱིའི་གནས་བབ་ལ་དམིགས་ཏེ་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་ཟམ་སྔར་ལས་དམ་ཟབ་བྱེད་དགོས། ཕྱོགས་གཉིས་ཀྱིས་མཉམ་ལས་སྔར་ལས་དམ་ཟབ་བྱས་ནས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྐྱེད་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་བཏང་སྟེ་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་ལོ་གསར་པའི་ནང་བརྟན་ཐོག་ཡར་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ལ། པུས་ལི་ཧྲི་འདི་ཉིད་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ངོས་ནས་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད། 

ཟླ1པོའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་པུས་ལི་ཧྲི་ཡི་དབུ་བཞུགས་བློན་ཆེན་ཏི་ཁི་ལའོ་དང་མཇལ་འཕྲད་གནང་། 

ཏི་ཁི་ལའོ་ཡིས་བསྟན་དོན།  པུས་ཀྲུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཕྱོགས་མང་པོའི་ཐད་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་མདུན་གྲལ་དུ་སླེབས་ཡོད། པུས་ལི་ཧྲི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་མུ་མཐུད་དུ་བརྩི་སྲུང་བྱ་རྒྱུ་ཡིན། པུས་ལི་ཧྲི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ལྷག་བསམ་ཟོལ་མེད་ངང་བསམ་ཚུལ་བརྗེ་རེས་དང་བསམ་ཤེས་གཏིང་ཟབ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཆབ་སྲིད་དང་དཔལ་འབྱོར་སོགས་ཁྱབ་ཁོངས་སོ་སོའི་ནང་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། པུས་ལི་ཧྲི་ཡིས“འབྲེལ་ཐག་གཅོད་པར”ངོ་རྒོལ་བྱེད་པ་དང་། ཀྲུང་གོའི་ཁེ་ལས་པུས་ལི་ཧྲི་རུ་བསྐྱོད་དེ་མཉམ་ལས་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་མི་སྣ་འགྲོ་འོང་དང་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། ལོ་ངོ་བཅུའི་སྔོན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་པུས་ལི་ཧྲི་ལ་འཚམས་འདྲིར་ཕེབས་པའི་སྐབས་སུ་པུའུ་ལུའུ་རི་གྲོང་ཁྱེར་རུ་ངོ་མཚར་བའི་གཏམ་བཤད་གནང་ཞིང་། དེའི་ཁྲོད“འབྲེལ་ཟམ”སྐོར་གསོན་ཉམས་དོད་པའི་རྒྱས་བཤད་བྱས་པ་དེས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། དེང་སྐབས་ཟང་ཟིང་དུ་གྱུར་པའི་རྒྱལ་སྤྱིའི་གནས་བབ་འོག་འཛམ་གླིང་ལ་ཀྲུང་གོ་དང་ཡོ་རོབ་གཉིས་ཀྱིས་ལག་གདང་སྦྲེལ་ནས་ཟླ་གྲོགས་བྱེད་དགོས་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། སྔར་ལས་བརྟན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཁྱབ་ཁོངས་ཆེན་པོའི་ནང་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། པུས་ལི་ཧྲི་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད། ང་རང་ད་ཐེངས་ཀྲུང་གོར་འཚམས་འདྲིར་ཕེབས་པ་འདིས་པུས་ལི་ཧྲི་དང་ཀྲུང་གོ་དང་། ཡོ་རོབ་དང་ཀྲུང་གོའི་བར་གྱི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་རེ་བ་ཡོད། 

ཝང་དབྱི་མཇལ་འཕྲད་ལ་ཞུགས། 

ཤ་བོ་གསེར་མཚོས་བསྒྱུར།