ཟླ་དང་པོའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་རྨ་ཆེན་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ལ་ཞུགས་པ་དང་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་འཛུབ་སྟོན་དུ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་བྱེད་དགོས་ལ། ཞིང་ཆེན་ཏང་ཨུའི་ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། སྒྲིག་གཅུན་ནན་མོ་བྱེད་དགོས་པའི་བླང་བྱ་ལག་བསྟར་བྱས་ནས་ཆད་ལྷག་མེད་པའི་སྒོ་ནས་བཤེར་འབེབས་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དང་། འགྱུར་བ་མེད་པའི་ངང་བརྗོད་དོན་སློབ་གསོའི་གྲུབ་འབྲས་བེད་སྤྱོད་བཟང་པོ་དང་སྲ་བརྟན་བཟང་པོ། རྒྱ་བསྐྱེད་བཟང་པོ་བྱེད་དགོས།
ཚོགས་ཐོག་ནས་རྫོང་ཏང་ཨུའི་རྒྱུན་ལས་འགོ་ཁྲིད་ཚན་ཁག་གི2022ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གནད་དོན་དག་ཐེར་ལེགས་བཅོས་ལག་བསྟར་དང་བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་སྔོན་གྱི་གྲ་སྒྲིག་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། རྨ་ཆེན་རྫོང་ཨུའི་ཧྲུའུ་ཅིས་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཁ་གཏད་ཞིབ་བཤེར་བྱས་པ་དང་།འགོ་ཁྲིད་ཚན་ཁག་གི་ཁོངས་མིས་རེ་རེ་བཞིན་ཁ་གཏད་ཞིབ་བཤེར་བྱས་པ་དང་ཕན་ཚུན་སྐྱོན་བརྗོད་བྱས་ལ། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་ཞིབ་ཚན་ཆུང་བདུན་པའི་ཚན་གཙོས་དཔྱད་འཇོག་བྱས།
ལིའུ་ཆི་ཧྥན་གྱིས་ནན་ཏན་ངང་གཏམ་བཤད་ལ་ཉན་རྗེས་བསྟན་དོན། ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱིས་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོའི་འབྲེལ་ཡོད་བླང་བྱ་ལྟར། གྲི་ཁ་ནང་ལ་སྐོར་བ་དང་རང་ངོས་གསར་བརྗེ་བྱས་ནས་རང་རྟོགས་ངང་སྤྱོད་ཚུལ་ལེགས་བཅོས་ཀྱི་སྙིང་སྟོབས་མངའ་བ་དང་གཟབ་ནན་དང་ཧུར་སེམས་ལྡན་པ། བདེ་ཐང་ཡིན་པ། རྨ་ཆེན་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་བརྣགས་ཐོག་ཁབ་གཙགས་ལྟ་བུ་དང་བརྩེ་བ་རྣལ་མ་མཐོང་ཐུབ་པར་བྱས་ཡོད་ལ། རྨ་ཆེན་འཕེལ་རྒྱས་ཀྱི་དམིགས་འབེན་ཁ་ཕྱོགས་དང་བསམ་ཕྱོགས་བྱེད་ཐབས་སྔར་ལས་གསལ་བོར་བྱས་ནས་འགོ་ཁྲིད་ཚན་ཁག་གི་གཅིག་བསྡུའི་ནུས་པ་དང་དམག་འཐབ་ནུས་པ། སེམས་ཤུགས་བཅས་ཇེ་དྲག་ཏུ་བཏང་སྟེ། རང་གིས་རང་ལ་སློབ་གསོ་གཏོང་པ་དང་རང་ངོས་གསར་བརྗེ་བྱེད་པའི་གྲུབ་འབྲས་མངོན་པར་བྱས།
ལིའུ་ཆི་ཧྥན་གྱིས་ནན་གྱིས་བསྟན་དོན། བསམ་པའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་གཞུང་ལུགས་དྲག་ཆས་ཀྱིས་མུ་མཐུད་ཤུགས་འདོན་ཚད་ཇེ་དྲག་ཏུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཟུང་འབྲེལ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་དགོས། དངོས་སྒྲུབ་ཁག་ཁུར་ཇེ་དྲག་ཏུ་བཏང་ནས་རྨ་ཆེན་ལ་བྱས་རྗེས་འཇོག་པར་ཤུགས་འདོན་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱས་ཏེ། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། ཐོག་མའི་ལས་འགན་ལག་བསྟར་བྱེད་པ་དང་རྨ་ཆེན་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྟེང་ཤུགས་འདོན་དགོས། གཞི་རིམ་དུ་འགྲོ་བ་བཞི་ནན་ཏན་གྱིས་བསྒྲུབ་ནས་རི་ཆུ་སྟོང་ཕྲག་བརྒལ་ནས་དུད་ཁྱིམ་ཁྲི་སྟོང་དུ་འགྲོ་བའི་བྱེད་སྒོ་ཏན་ཏིག་གིས་སྤེལ་ནས་དཀའ་གནད་སེལ་བ་དང་དམངས་ཀྱི་དཀའ་ཁག་སེལ་ནས་མཉམ་སྐྲུན་མཉམ་སྤྱོད་མཉམ་འཛུགས་ཀྱི་ཁྱིམ་གཞིས་བསྐྲུན་དགོས། རང་ངོས་གསར་བརྗེ་བྱེད་ཕོད་པར་བྱས་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྟེང་ཤུགས་འདོན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེ་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་གོ་བ་གཏིང་ཟབ་བླང་ནས་ཡང་དག་པའི་འཇིག་རྟེན་ལྟ་བ་དང་དབང་ཆའི་ལྟ་བ། སྲིད་འབྲས་ལྟ་བ་འཛུགས་དགོས་ལ། སྒྲིག་ལམ་ནན་མོ་སྲུང་བ་དང་སྒྲིག་སྲོལ་བརྩི་བ། སྤྱོད་ཚུལ་བཅོས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་ཀྱིས་སྣེ་ཁྲིད་ནས་དེང་རབས་ཅན་གྱི་རྨ་ཆེན་གསར་བ་འཛུགས་སྐྲུན་བྱེད་དགོས།
མི་ཕམ་མགོན་པོས་བསྒྱུར།