ཟླ་དང་པོའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེ་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། རང་ངོས་གསར་བརྗེའི་བརྩི་བ་དགུ་ཡི་ལག་ལེན་རེ་བར་རྒྱུས་ལོན་ཡང་དག་བྱེད་པ། ཏང་གི་རང་ངོས་གསར་བརྗེའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། བསྐྱོད་ལམ་གསར་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྤྱི་ཁོག་གི་རེ་བ་ཁོང་དུ་ཆུད་པར་བྱེད་པ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་རྒྱུན་འཁྱོངས་བྱེད་པ། རྩ་ལག་མཉམ་བཅོས་དང་རིམ་ལྡན་བཅོས་སྐྱོང་བྱེད་པ། དབང་ཆ་གཅིག་བསྡུས་དང་མ་དངུལ་བསྡུ་རུབ། ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁྱབ་ཁོངས་ཀྱི་རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན་པ། མང་ཚོགས་ཀྱི་ཉེ་འགྲམ་གྱི་རུལ་སུངས་དང་ཚུལ་མིན་སྤྱོད་ཚུལ་ལ་མཐའ་གཅིག་ཏུ་ཆད་གཅོད་བྱས་ཏེ། སྲིད་གཞུང་མ་ལག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ཀྱི་ཆེས་མཐོ་བའི་ཆབ་སྲིད་རྩ་དོན་འདི་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། སྲིད་གཞུང་ཏང་ཙུའུ་ཡི་རང་ངོས་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ། དོན་བྱ་ཆེན་པོའི་ཡར་ཞུ་ལམ་ལུགས་དངོས་འབེབས་ནན་མོ་བྱས་ནས། ལག་བསྟར་པ་དང་འགུལ་སྐྱོད་པ། དངོས་གཉེར་པ་བྱེད་དགོས།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ལྡན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ཞིབ་སྡུར་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་སྟེང་གཅིག་གྱུར་བྱེད་པ་དང་། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་རྐང་འཛུགས་པ། བྱ་བའི་ཇུས་འགོད་ལ་ཤུགས་སྣོན་པ། དཔེ་གསར་བཟོ་ལས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། བཟོ་སྐྲུན་ལས་རིགས་དང་ལྷག་པར་དུ་མཐོ་གསར་ལག་རྩལ་བཟོ་སྐྲུན་ལས་རིགས་དང་གོ་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཟིན་ཚད་སྔར་ལས་མཐོར་འདེགས་བཏང་སྟེ། ཐོན་ལས་ཀྱི་འགྲན་ལམ་གསར་བ་སྐྱེད་སྲིང་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་སྤུས་ལེགས་ཐོན་སྐྱེད་ནུས་ཤུགས་གསར་སྐྲུན་བྱེད་དགོས།
ཚོགས་ཐོག་ནས་ཟླ་དང་པོའི་ཚེས་ལྔ་ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ལོ་ལོན་རྒན་པའི་གཞི་རྩའི་དམངས་ཚིས་འགན་སྲུང་ལ་ཤུགས་སྣོན་པ་དང་། རྒན་པའི་དཔལ་འབྱོར་དར་རྒྱས་གོང་འཕེལ་གཏོང་དགོས། སྲིད་གཞུང་གི་གཞི་གྲངས་ཅན་གྱི་བཅོས་བསྒྱུར་དང་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པའི་ལོ་གསུམ་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བ་དང་། ལས་སྒྲུབ་རྒྱུད་རིམ་ལེགས་བསྒྱུར་བྱེད་པ་དང་ལས་སྒྲུབ་ལས་ཆོད་མཐོར་འདེགས་གཏོང་དགོས། ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བའི་བྱ་བར་འགན་སྲུང་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ། ཁྲིམས་ལྟར་བསམ་གཟས་ནས་ཟླ་ཕོགས་ཆད་འཇོག་བྱེད་པའི་སྤྱོད་ཚུལ་ལ་མཐའ་གཅིག་ཏུ་རྡུར་རྡེག་བྱེད་པ། ཟླ་ཕོགས་ཆད་འཇོག་ལ་བཅོས་སྐྱོང་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། སྟོབས་ཤུགས་ཡོད་རྒུས་ཞིང་བ་ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས།
ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། འདས་པའི་ལོ་གཅིག་ནང་བླངས་པའི་གྲུབ་འབྲས་རྩ་ཆེན་ཁོང་དུ་ཆུད་པར་བྱེད་པ་དང་། ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེང་གྲུབ་འབྲས་གསར་བ་མངོན་པར་བྱེད་དགོས། མདུན་དུ་ལྷགས་པའི་གོ་སྐབས་དང་འགྲན་རྩོད་ཁོང་དུ་ཆུད་པར་བྱེད་པ་དང་། ལས་བྱེད་པས་བྱ་བ་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་བོ་བྱེད་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི་རེ་བ་ལག་བསྟར་བྱས་ཏེ། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་ལེན་པ་དང་འགག་གཏོར་གསར་བ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཚང་འཛོམས་གྲོས་ཚོགས་སྟེང་གཏན་ཁེལ་བྱས་པའི་ལས་འགན་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ་དང་། ཇི་མ་ཇི་བཞིན་དུ་ལག་བསྟར་དམ་འཛིན་བྱེད་པ་དང་མྱུར་དུ་ལག་བསྟར་དམ་འཛིན་བྱེད་པ། བདེན་འཚོལ་དངོས་གཉེར་གྱིས་ལག་བསྟར་དམ་འཛིན་བྱེད་པ། བྱ་བ་སྒྲུབ་ཤེས་པར་བྱས་ནས་ལག་བསྟར་དམ་འཛིན་བྱས་ཏེ། བྱ་བ་རེ་རེའི་ཐད་ནས་མཇུག་འབྲས་ཡོད་པ་དང་བྱ་བ་རེ་རེ་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས།
ཚོགས་ཐོག་ནས་སྲིད་གཞུང་བྱ་བའི་སྙན་ཞུའི་ཞིབ་བཤེར་མ་ཟིན་དང་མཚོ་སྔོན་ཞིང་ཆེན་གྱི2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་དང2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་འཆར་ཟིན་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི2023ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2024ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས།
ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།