ཞི་ཅིན་ཕིང་གིས་ཏེན་མག་གི་རྒྱལ་པོ་ཧྥེ་ཐི་ལེ་སྐུ་ཕྲེང་བཅུ་པ་རྒྱལ་སར་འཁོད་པར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
2024.01.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ1ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེན་མག་གི་གསར་བསྐོས་རྒྱལ་པོ་ཧྥེ་ཐི་ལེ་སྐུ་ཕྲེང་བཅུ་པར་གློག་འཕྲིན་བཏང་ནས། ཧྥེ་ཐེ་ལེ་སྐུ་ཕྲེང་བཅུ་པ་རྒྱལ་སར་འཁོད་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ74འཁོར་བའི་རིང་ལ། ཀྲུང་གོ་དང་ཏེན་མག་གི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ནས། རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་སྟེ། མི་དམངས་བར་གྱི་མཛའ་མཐུན་འབྲེལ་བ་སྔར་ལས་ཇེ་དམ་དུ་སོང་ཡོད། ངས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་མཐོང་ཆེན་གང་ལེགས་བྱས་ནས། རྒྱལ་པོ་ཧྥེ་ཐི་ལེ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་མང་བསྐྲུན་འདོད་ཡོད་ཅེས་གསུངས།

ཉིན་དེར་ཞི་ཅིན་ཕིང་གིས་ད་དུང་སྲིད་ཁྲི་ལས་བབས་པའི་ཏེན་མག་གི་རྒྱལ་མོ་ཟུར་པ་མ་ཀི་ལིས་ཐི་སྐུ་ཕྲེང་གཉིས་པར་གློག་འཕྲིན་བཏང་ནས་འཚམས་འདྲི་དང་སྨོན་འདུན་ཞུས།

བན་དེ་སྐྱབས་ཀྱིས་བསྒྱུར།