དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་སྐབས་བཅོ་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།
2024.01.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ1ཚེས14ཉིན།   དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་སྐབས་བཅོ་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།  གྲོས་ཚོགས་སྟེང་ཀྲུང་གོ་དམངས་གཙོ་མནའ་མཐུན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།    འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱས་ལ།    སྔོན་ཐོན་ལ་གཟེངས་བསྟོད་བྱས།     ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།   དམངས་གཙོ་མནའ་མཐུན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན་གྲོས་ཚོགས་ལ་ཞུགས།

གྲོང་ཚོགས་སྟེང་བསྟན་དོན།    འདས་པའི་ལོ་གཅིག་གི་རིང་ལ།    དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཏེ་དམངས་གཙོ་མནའ་མཐུན་གྱི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་།      ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ལ།   ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པར་མ་ཟད།  བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་བ་དང་ཐུན་མོང་བསམ་བློ་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་བཏང་ཞིང་།    འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ་སྲིད་ཞུགས་སྲིད་གླེང་དང་དམངས་གཙོ་ལྟ་སྐུལ་གྱི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་བཏང་ནས་བྱ་བ་སོ་སོར་གྲུབ་འབྲས་གསར་པ་བླངས།

གྲོས་ཚོགས་སྟེང་དུ།  ད་ལོར་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་གཞུང་ལུགས་སློབ་སྦྱོང་ལ་སྔར་ལས་ཤུགས་བསྣན་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་དམ་པོར་སྙེག་པ་དང་བློ་བརྟན་འགྱུར་མེད་ངང་དེར་མཐའ་གཅིག་ཏུ་གོང་བཀུར་བྱེད་པའི་ལོ་རྒྱུས་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས།     རྒྱལ་ཁབ་དང་ས་གནས་ཀྱི་འཐབ་ཇུས་གཅིག་བསྡུས་བྱེད་པ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོར་དམིགས་ཏེ་བསམ་འཆར་དང་གྲོས་གཞི་བཟང་བོ་འདོན་དགོས།   གཙོ་གནད་འབུར་དུ་ཐོན་པ་དང་རང་ནུས་ཅི་ལྕོགས།    ཕན་འབྲས་དོན་གཉེར།  རྒྱུན་འཁྱོངས་ལྷོད་མེད་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་དང་ཞབས་ཞུའི་ཚོང་རྟགས་འཛུགས་སྐྲུན་ལེགས་སྒྱུར་བྱས་ནས་སྤྱི་ཚོགས་ཞབས་ཞུའི་བྱ་བ་བཟང་བོར་སྒྲུབ་དགོས།   དུས་རབས་གསར་པ་དང་གནས་བབ་གསར་པས་སྲིད་ཞུགས་ཏང་གི་འཇོན་མིའི་དཔུང་སྡེའི་འཛུགས་སྐྲུན་ཐད་བཏོན་པའི་བླང་བྱ་གསར་པར་དམིགས་ནས་རྩ་འཛུགས་འཛུགས་སྐྲུན་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་དགོས།     གསར་པ་བཞི་དང་བཟང་བ་གསུམ་གྱི་བླང་བྱ་ལག་བསྟར་ཟབ་མོ་བྱེད་པ་དང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་དམངས་གཙོ་མནའ་མཐུན་གྱི་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།