ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཆེད་དོན་གྲོས་ཚོགས་བསྡུས།
2024.01.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ1ཚེས15ཉིན།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཆེད་དོན་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།    ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི།   ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།   དབྱང་ཧྥིན་ཁྲོན་དང་ཉི་མ་སྒྲོལ་མ།    ཀྲང་ཧོང་ཡོན།    ཁྲིན་ཏུང་ཁྲང་།   ལིའུ་ཐུང་ཏི་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

གྲོས་ཚོགས་སྟེང་།   ཚང་འཛོམས་གྲོས་ཚོགས་ཀྱིས2023ལོའི་ཞིང་ཆེན་ཡོངས་ཀྱི་བྱ་བར་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་པ་དང་།  2024ལོའི་དཔལ་འབྱོར་སྤྱི་ཚོགས་བྱ་བར་བཀོད་སྒྲིག་བྱས་ལ།    ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ།   རང་གཅུན་ནན་དགོས་པ་བཅས་ཀྱི་དུས་རབས་ཀྱི་ནང་སྙིང་དང་ལག་ལེན་གྱི་བླང་བྱ་སྔར་ལས་གསལ་བཤད་གསལ་བོ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབད་པས་འབྲི་བའི་དམིགས་འབེན་ངེས་གནས་དང་ཁ་ཕྱོགས།    ལས་འགན་བྱེད་ཐབས་བཅས་གཏིང་ཟབ་ཏུ་བཏང་བས།   ཞིང་ཆེན་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་ལེན་དགོས་པ་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་སྟེང་།    ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་བློ་བརྟན་འགྱུར་མེད་ངང་གཏན་ཕབ་གཉིས་ལ་སྲུང་སྐྱོབ་དང་བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་རང་རྟོགས་འགུལ་སྐྱོད་དང་ཆབ་སྲིད་ཉམས་ཞིབ་ཏུ་བྱས་ཏེ་ཤེས་རིག་དང་སྟོབས་ཤུགས་གཉིས་ལས་འགན་གཙོ་བོ་ཡོངས་འགྲུབ་དང་ལོ་ཧྲིལ་བོའི་དམིགས་འབེན་མངོན་འགྱུར་བྱེད་པའི་སྟེང་གཅིག་བསྡུ་བྱེད་དགོས།     གྲོས་ཚོགས་ཀྱི་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་དམངས་ཆེན་བྱ་བ་ལེགས་པོར་སྒྲུབ་པ་དང་།   ངེས་གནས་ཡང་དག་པར་འཚོལ་བ།   བསམ་གཞིགས་བཏང་སྟེ་འཆར་འགོད་བཟང་བོ་བྱེད་པ།   རང་འགུལ་ངང་རྗེས་འདེད་བྱེད་པ།  ཧུར་ཐག་འབད་འཐབ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱིས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་ཆེད་དམངས་ཆེན་གྱི་བྱེད་ནུས་དང་དམངས་ཆེན་གྱི་བྱས་རྗེས་འཇོག་དགོས།    རང་འགན་ཁག་ཁུར་བཟང་བོ་བྱས་ཏེ་སྤུས་ཚད་མཐོན་པོས་གཙོ་གནད་གཅིག་དང་འཆར་གཞི་གསུམ་གཏན་འབེབས་བྱེད་པ་དང་།     ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་དང་ལོ་མཇུག་གི་སྤྱི་སྡོམ།  དམིགས་འབེན་དཔྱད་ཞིབ་བྱ་བ་བཅས་ལ་གཅིག་གྱུར་སྐུལ་འདེད་གཏོང་བ།      རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ཞུགས་པའི་བྱ་བར་སྔ་མོ་ནས་འཆར་འགོད་བྱེད་པ།    རང་སྟེང་གི་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་སྟེ་ངེས་པ་དོན་གྱིས་སྟོབས་ཤུགས་ཡོད་ཚད་འཕེལ་རྒྱས་ལ་ཡར་སྐུལ་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་སྟེང་གཅིག་བསྡུ་བྱེད་དགོས་ཞེས་ནན་གྱིས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།