ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འགོ་རྩོམ་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་།
2024.01.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ1ཚེས16ཉིན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭ་རུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭ་འགོ་རྩོམ་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་། 

ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཚེས16ཉིན་ཀྲུང་དབྱང་ཏང་གི་སློབ་གྲྭ་རུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭ་འགོ་རྩོམ་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་འཕེལ་རྒྱས་ལམ་བུས་དེང་རབས་དངུལ་རྩའི་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་བརྩི་སྲུང་བྱས་ཡོད་ལ། རང་རྒྱལ་གྱི་གནས་ཚུལ་དང་སྔར་ལས་འཚམ་པའི་མངོན་གསལ་དོད་པའི་ཁྱད་ཆོས་ལྡན་པ་དང་། ནུབ་ཕྱོགས་ཀྱི་དངུལ་རྩའི་རྣམ་པར་བསྡུར་ཚེ་ངོ་བོའི་ཐོག་ནས་ཁྱད་པར་ཡོད། ང་ཚོས་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་ལག་ལེན་ཁྲོད་མུ་མཐུད་དུ་འཚོལ་ཞིབ་དང་འཐུས་ཚང་དུ་བཏང་སྟེ་ལམ་བུ་འདིའི་སྟེང་ཅི་ཙམ་བསྐྱོད་ན་དེ་ཙམ་གྱིས་ཡངས་ཤིང་རྒྱ་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན། 

ཟླ1ཚེས16ཉིན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭའི་རུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭ་འགོ་རྩོམ་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་། ཀྲའོ་ལི་ཅི་དང་ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་བཅས་འཛིན་གྲྭ་འགོ་རྩོམ་པའི་མཛད་སྒོར་ཞུགས། 

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཀྲའོ་ལི་ཅི་དང་ཝང་ཧུའུ་ཉིང་། ཏེན་ཞུའེ་ཞང་། ལིས་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་བཅས་འཛིན་གྲྭ་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཚའེ་ཆི་ཡིས་འཛིན་གྲྭ་འགོ་རྩོམ་པའི་མཛད་སྒོར་འགོ་འཛིན་མཛད།

 ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ང་ཚོས་དུས་རབས་གསར་པའི་དངུལ་རྩའི་འཕེལ་རྒྱས་ཀྱི་ཆོས་ཉིད་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དངུལ་རྩའི་ངོ་བོའི་ངོས་འཛིན་ཟམ་མ་ཆད་པར་གཏིང་ཟབ་ཏུ་བཏང་བ་དང་། དངུལ་རྩའི་ལག་ལེན་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། རྩ་ཆེ་བའི་ཉམས་མྱོང་གསོག་འཇོག་བྱས་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་འཕེལ་རྒྱས་ལམ་བུའི་ཐོག་རིམ་གྱིས་བསྐྱོད་པ་ནི་ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་རིན་ཐང་གི་ཁ་ཕྱོགས་རྒྱུན་འཁྱོངས། དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་འཛིན་རྒྱུ་རྒྱུན་འཁྱོངས། ཉེན་ཁ་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་དངུལ་རྩའི་ལས་དོན་གྱི་རྟག་བརྟན་བརྗོད་བྱ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་ཐོག་དངུལ་རྩ་གསར་གཏོད་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས། དངུལ་རྩའི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས། དངུལ་རྩ་སྒོ་འབྱེད་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་་རྒྱུན་འཁྱོངས་བཅས་བྱ་དགོས། དོན་ཚན་འདི་དག་གིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་དངུལ་རྩའི་བྱ་བར་ལྟ་སྟངས་ཇི་ལྟར་འཛིན་རྒྱུ་དང་ཇི་ལྟར་བསྒྲུབ་རྒྱུ་གཏན་འཁེལ་བྱས་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩ་འཕེལ་རྒྱས་གཏོང་བའི་བགྲོད་ལམ་གྱི་གཞི་རྩའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་མཚོན་པར་བྱེད་པའི་གཞི་མཐུན་གྱི་ཚོགས་སྤྱི་ཞིག་ཡིན།

 ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དངུལ་རྩའི་སྟོབས་ལྡན་རྒྱལ་ཁབ་ནི་དཔལ་འབྱོར་གྱི་རྨང་གཞིར་བརྟེན་དགོས་པ་དང་། འཛམ་གླིང་གི་སྣེ་ཁྲིད་པའི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་ཡོད་དགོས་ལ། དུས་མཚུངས་སུ་གནད་འགག་གི་སྲོག་ཤིང་དངུལ་རྩའི་རྒྱུ་རྐྱེན་རབ་དང་རིམ་པ་འཛོམས་དགོས་པ་སྟེ། སྟོབས་དང་ལྡན་པའི་དངུལ་ལོར་དང་། སྟོབས་དང་ལྡན་པའི་ཀྲུང་དབྱང་དངུལ་ཁང་། སྟོབས་དང་ལྡན་པའི་དངུལ་རྩའི་སྒྲིག་གཞི། སྟོབས་དང་ལྡན་པའི་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས། སྟོབས་དང་ལྡན་པའི་དངུལ་རྩའི་ལྟ་སྐུལ་དོ་དམ། སྟོབས་དང་ལྡན་པའི་དངུལ་རྩའི་ཤེས་ལྡན་མི་སྣའི་དཔུང་ཁག་བཅས་ཡོད་དགོས། དངུལ་རྩའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དུས་ཡུན་རིང་པོར་འབད་བརྩོན་བྱས་ནས་རྒྱུན་འཁྱོངས་ལྷོད་མེད་བྱ་དགོས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དངུལ་རྩའི་མ་ལག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཚན་རིག་དང་མཐུན་ཞིང་གཟབ་བརླིང་བརྟན་གསུམ་གྱི་དངུལ་རྩའི་སྙོམས་སྒྲིག་མ་ལག གྲུབ་ཚུལ་ལུགས་མཐུན་གྱི་དངུལ་རྩའི་ཚོང་རའི་མ་ལག ལས་བགོས་མཉམ་སྒྲུབ་ཀྱི་དངུལ་རྩའི་སྒྲིག་གཞིའི་མ་ལག འཐུས་སྒོ་ཚང་ཞིང་ཕན་ནུས་ལྡན་པའི་དངུལ་རྩའི་ལྟ་སྐུལ་དོ་དམ་མ་ལག སྣ་མང་ཅན་དང་ཆེད་ལས་རང་བཞིན་གྱི་དངུལ་རྩའི་ཐོན་རྫས་དང་ཞབས་ཞུའི་མ་ལག རང་བདག་གིས་ཚོད་འཛིན་བྱེད་ཐུབ་ཅིང་བདེ་འཇགས་ཡིན་ལ་ཕན་འབྲས་ཆེ་བའི་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་མ་ལག་བཅས་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས། 

ཞི་ཅིན་ཕིང་གིས་བསྟན་དོན། དངུལ་རྩའི་ཉེན་ཁ་དང་ལྷག་པར་དུ་བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་འགོག་སེལ་བྱེད་པར་ཤུགས་སྣོན་དགོས། དངུལ་རྩར་ལྟ་སྐུལ་དོ་དམ་བྱེད་པར་བྱེད་ཐབས་ནན་མོ་སྤྱོད་དགོས་ཤིང་། འགག་རྩ་ནི་དངུལ་རྩའི་ལྟ་སྐུལ་དོ་དམ་སྡེ་ཁག་དང་ལས་རིགས་གཙོ་སྐྱོང་སྡེ་ཁག་གིས་འགན་འཁྲི་ཁ་གསལ་བཟོ་བ་དང་། རོགས་ལས་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚོང་རར་ཞུགས་པ་དང་། གཟབ་ནན་གྱིས་ལྟ་སྐུལ་དོ་དམ་བྱེད་པ། བྱ་སྤྱོད་ལ་ལྟ་སྐུལ་དོ་དམ་བྱེད་པ་སོགས་ཀྱི་ལྷུ་ཚིགས་ཁག་སོ་སོར་ཁྲིམས་བསྟར་ནན་མོ་བྱས་ཏེ་དངུལ་རྩར་ལྟ་སྐུལ་དོ་དམ་བྱེད་པའི་བྱ་བ་རྒྱ་ཆེན་པོ་དང་གཏིང་ཟབ་མོས་ལག་བསྟར་བྱ་དགོས། ས་གནས་སོ་སོས་ས་ཁོངས་གཅིག་ལ་གཞི་ཚུགས་ནས་ཁྱོན་ཡོངས་དོན་གཉེར་བྱས་ཏེ་ཁོངས་གཏོགས་ས་ཆའི་ཉེན་ཁ་ཐག་གཅོད་དང་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་དགོས། ཉེན་ཁ་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད་རུལ་སུངས་ལ་ཆད་པ་མཐའ་གཅིག་ཏུ་བཅད་དེ་ཀུན་སྤྱོད་ཀྱི་ཉེན་ཁ་ནན་འགོག་བྱེད་དགོས། དངུལ་རྩའི་ལྟ་སྐུལ་དོ་དམ་ནི་བརྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན་ཞིང་། དངུལ་རྩའི་དོ་དམ་སྡེ་ཁག་དང་སྤྱི་ཁོག་སྙོམས་སྒྲིག་སྡེ་ཁག ལས་རིགས་གཙོ་སྐྱོང་སྡེ་ཁག ཁྲིམས་འཛིན་ལས་ཁུངས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་སོགས་ཚང་མར་བབ་མཐུན་གྱི་འགན་འཁྲི་ཡོད་པས། ལྟ་སྐུལ་དོ་དམ་མཉམ་སྒྲུབ་ལ་ཤུགས་སྣོན་པ་དང་། དབང་ཆ་དང་འགན་འཁྲི་གཅིག་མཐུན་ཡིན་པའི་ཉེན་ཁ་ཐག་གཅོད་པའི་འགན་འཁྲིའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས་ལ། དངུལ་རྩའི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་དགོས། 

 ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་བ་བརྒྱུད་རང་རྒྱལ་གྱི་དངུལ་རྩའི་ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་དང་ནུས་པ་ཆེ་རུ་བཏང་ནས་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་དང་སྒྲིག་སྲོལ་གྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་སྟེ་གོམ་སྟབས་བརྟན་པོ་དང་གཟབ་ནན་ངང་སྟངས་འཛིན་ཡག་པོ་བྱེད་དགོས། ལམ་ལུགས་ཅན་གྱི་སྒོ་འབྱེད་གཙོ་གནད་དུ་བཟུང་ནས་དངུལ་རྩའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། ཆོག་མཆན་མ་ཐོབ་གོང་གི་རྒྱལ་དམངས་ཐོབ་ཐང་སྟེང་བཀག་རྒྱའི་གསལ་ཐོ་སྣོན་པའི་དོ་དམ་ལམ་ལུགས་དོན་འཁྱོལ་བྱེད་པ། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་གྲོས་མཐུན་ཁྲོད་ཀྱི་དངུལ་རྩའི་ཁྱབ་ཁོངས་ཀྱི་འབྲེལ་ཡོད་སྒྲིག་སྲོལ་ལ་དཔེ་སྟོན་བྱེད་པ། ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་སྟབས་བསྡུསབྱེད་པ། སྒོ་འབྱེད་སྲིད་ཇུས་ཀྱི་གསལ་ཚད་དང་། བརྟན་འཇགས་རང་བཞིན། སྔོན་དཔག་རང་བཞིན་བཅས་ཆེ་རུ་གཏོང་བ། མངའ་ཁོངས་ཕྱི་རོལ་གྱི་མ་དངུལ་གཏོང་བསྡུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དངུལ་རྩའི་རྒྱབ་སྐྱོར་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། མངའ་ཁོངས་ཕྱི་ནང་གི་དངུལ་རྩའི་ཚོང་ར་ཕན་ཚུན་འབྲེལ་མཐུད་ཡོང་བར་ཤུགས་སྣོན་པ་དང་། རྒྱལ་ཁོངས་ལས་བརྒལ་བའི་དངུལ་གཏོང་སྟབས་བདེ་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་སྤྱིའི་དངུལ་རྩའི་ལྟ་སྐུལ་དོ་དམ་བཅོས་སྒྱུར་ཁྲོད་ཧུར་ཐག་གིས་ཞུགས་དགོས། སྒོ་འབྱེད་བྱེད་པའི་ཆ་རྐྱེན་འོག་གི་དངུལ་རྩའི་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། 

ཞི་ཅིན་ཕིང་གིས་བསྟན་དོན། དངུལ་རྩ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་ཁྲིམས་སྐྱོང་དང་སྤྱོད་བཟང་གིས་སྐྱོང་བ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་རིག་གནས་སྐྱེད་སྲིང་ཧུར་ཐག་བྱས་ནས། གཞུང་དྲང་དང་ཁ་དན་ཚིག་གནས་བྱེད་པ་ལས་ཚད་མཐའ་ལས་བརྒལ་མི་རུང་བ་དང་། དྲང་བདེན་ལ་བརྟེན་ནས་ཁེ་ཕན་ལེན་དགོས་པ་ལས་ཁེ་བཟང་ཁོ་ནར་རྔམ་མི་རུང་ལ། བརྟན་བསྐྱོད་གཟབ་ནན་བྱེད་པ་ལས་འཕྲལ་ཕན་འཕྲལ་གཉེར་མི་བྱེད་པ། བདེན་སྲུང་གསར་གཏོད་བྱེད་པ་ལས་དོན་དངོས་དང་ཁ་འབྲལ་མི་རུང་བ། ཁྲིམས་དང་མཐུན་པ་ལས་རང་སྣང་གང་ཤར་བྱེད་མི་རུང་། 

 ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་དངུལ་རྩའི་བསམ་གཞིག་དང་དངུལ་རྩའི་བྱ་བའི་ནུས་པ་ཆེ་རུ་གཏོང་བ་དང་། དཔལ་འབྱོར་དང་དངུལ་རྩ་བསམ་ཇུས་གཅིག་རྒྱུན་འཁྱོངས་བྱེད་པ། ཀྲུང་དབྱང་དངུལ་རྩ་བྱ་བའི་གྲོས་ཚོགས་ཀྱི་ཇུས་ཆོད་བཀོད་སྒྲིག་སོ་སོ་དོན་འཁྱོལ་ནན་ཏན་བྱེད་པ། དཔལ་འབྱོར་དང་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས།

ཚའེ་ཆི་ཡིས་འགོ་རྩོམ་མཛད་སྒོར་འགོ་འཛིན་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་པ་དང་། གཟིགས་རྒྱང་རིང་ལ། རྒྱས་བཤད་གནད་འཕིགས་ཡིན་ཞིང་། ནང་དོན་ཕུན་སུམ་ཚོགས་པ་དང་། ཆབ་སྲིད་རང་བཞིན་དང་། གཞུང་ལུགས་རང་བཞིན། དམིགས་སའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་པས། ཏང་ཡོངས་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་རང་རྒྱལ་གྱི་དངུལ་རྩའི་འཕེལ་རྒྱས་ལ་འཕྲད་པའི་དུས་བབ་ལས་འགན་ལ་ངོས་འཛིན་ཡང་དག་བྱེད་པ་དང་། དངུལ་རྩའི་བྱ་བའི་ངོ་བོའི་ཆོས་ཉིད་དང་འཕེལ་རྒྱས་ལམ་བུའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། དངུལ་རྩའི་བྱ་བའི་འཇོན་ཐང་དང་ཉེན་ཁར་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏོང་བ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་དགོངས་དོན་དང་། སྙིང་བཅུད། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་ཟབ་མོ་བླངས་ཏེ“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཡག་པོར་སྒྲུབ་སྟེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་དངོས་སུ་གཅིག་གྱུར་ཡོང་བར་བྱེད་དགོས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་འགོ་རྩོམ་མཛད་སྒོར་ཞུགས། 

ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས་དང་། ཁེ་ལས། མཐོ་རིམ་སློབ་གྲྭ བཅིངས་འགྲོལ་དམག་གི་ལས་ཁུངས་སོ་སོ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འགན་འཁུར་བློ་མཐུན་གཙོ་བོ་བགྲོ་གླེང་འཛིན་གྲྭར་ཞུགས། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བཅས་འགོ་རྩོམ་མཛད་སྒོར་ཟུར་ཞུགས་བྱས། 

ཤ་བོ་གསེར་མཚོས་བསྒྱུར།