རང་ཞིང་གིས་ཏང་འཛུགས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་ཡར་སྐུལ་བྱེད་པའི་སྐུལ་སྤེལ་ཚོགས་འདུ་བསྡུས།
2024.01.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ1ཚེས15ཉིན།    ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ཏང་འཛུགས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་ཡར་སྐུལ་བྱེད་པའི་སྐུལ་སྤེལ་ཚོགས་འདུ་བསྡུས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས།    ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས།   རྒྱལ་ཡོངས་ཀྱི་ཏང་འཛུགས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་ཡར་སྐུལ་བྱེད་པའི་སྐུལ་སྤེལ་གྲོས་ཚོགས།    ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་བྱས་པ་དང་།    བྱ་བའི་ཉམས་མྱོང་སྤྱི་སྡོམ་དང་བརྗེ་རེས་བྱས་ལ།  གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས་པ་དང་སྐུལ་འདེད་བཏང་།     ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།    རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། 

 གྲོས་ཚོགས་སྟེང་།   ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་།    གནད་དོན་ཁྲིད་ཕྱོགས་སུ་བྱས་ཏེ་ཏང་འཛུགས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ཡར་སྐུལ་བྱེད་སྐབས་གང་ཞིག་དམ་འཛིན་བྱེད་པ་དང་ཅི་ཞིག་ལ་ཡར་སྐུལ་བྱེད་དགོས་པ་གཏན་འཁེལ་གསལ་བོ་བྱེད་དགོས་ལ།   སྒྲུབ་དགོས་པའི་བསམ་ཕྱོགས་གསལ་བོ་དང་སྒྲུབ་དགོས་པའི་གཙོ་གནད་དམ་འཛིན་བྱེད་དགོས།     སྟོབས་དང་ལྡན་པའི་འཐབ་འཛིང་བཙན་རྫོང་བསྐྲུན་པ་དང་སྡེ་བའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་མི་སྣའི་དཔུང་སྡེ་སྟོབས་ལྡན་འཛུགས་པ།    རྗེས་གྲབས་སྟོབས་ཤུགས་གསོ་སྐྱོང་དང་གསོག་འཇོག་ལ་ཤུགས་སྣོན་པ་སོགས་བྱས་ཏེ་གྲོང་གསེབ་དར་སྤེལ་གྱི་རྨང་རྡོ་ཇེ་བརྟན་དུ་གཏོང་དགོས།        ཡུལ་ཚོ་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་གྲོང་གསེབ་དར་སྤེལ་གྱི་དངོས་འཐབ་ནུས་པ་མཐོར་འདེགས་གཏོང་བ།   ཏང་ཡོན་གྱི་སློབ་གསོ་དོ་དམ་ཇེ་དྲག་ཏུ་བཏང་སྟེ་སྡེ་སྡོད་ལས་བྱེད་པའི་སྟོབས་གསར་དམག་དཔུང་གི་བྱེད་ནུས་འདོན་སྤེལ་བྱེད་དགོས།    གྲོང་གསེབ་བཅོས་སྐྱོང་སྒྲིག་གཞིའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་གྲོང་གསེབ་བཅོས་སྐྱོང་བྱ་བའི་ནང་རྐྱེན་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ་སོགས་བྱས་ཏེ་གྲོང་གསེབ་བཅོས་སྐྱོང་གི་ཕན་ནུས་ཇེ་དྲག་ཏུ་གཏོང་དགོས།   ཐོན་ལས་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བ།   ཕུལ་བྱུང་འཇོན་མི་ནང་འདྲེན་དང་གསོ་སྐྱོང་བྱས་ཏེ་ཞིང་བ་མང་ཚོགས་ཀྱི་ཡོང་འཕར་ཕྱུག་འགྱུར་ལ་ཡར་སྐུལ་བྱེད་དགོས་ཞེས་ནན་གྱིས་བསྟན།    

གྲོས་ཚོགས་སྟེང་དུ།   སྟོབས་ཤུགས་ཆེན་པོས་དོན་འཁྱོལ་དམ་འཛིན་བྱེད་པ་དང་། གོང་གིས་འོག་ལ་སྣེ་ཁྲིད་དང་བྱ་བའི་འགན་འཁྲི་ཇེ་དམ་དུ་གཏོང་བ་རྒྱུན་འཁྱོངས་བྱེད་པ།   བྱ་བའི་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ་དང་བྱ་བའི་མཉམ་ཤུགས་གཅིག་བསྡུས་བྱེད་པ།    རྒྱུ་རྐྱེན་འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་བྱ་བ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ།    བྱ་བའི་སྤྱོད་ཚུལ་ལེགས་བཅོས་དང་བྱ་བའི་སྤུས་ཚད་ལ་འགན་སྲུང་བྱས་ཏེ་རང་ཞིང་གི་ཏང་འཛུགས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་ཡར་སྐུལ་བྱེད་པའི་ལས་དོན་སྐས་རིམ་གསར་པར་སླེབས་པ་དང་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

ལྷ་མོ་ཚེ་རིང་གིས་བསྒྱུར།