2023ལོའི་རྒྱལ་ཁབ་ཀྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ནུས་ཡོད་སྦྲེལ་མཐུད་བྱེད་པའི་དཔྱད་ཞིབ་གདེང་འཇོག་གི་ཞིང་ཆེན་རིམ་པའི་སྦྲེལ་མཐུད་ཚོགས་འདུ་ཟི་ལིང་དུ་བསྡུས། 
2024.01.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ1ཚེས16ཉིན།   2023ལོའི་རྒྱལ་ཁབ་ཀྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ནུས་ཡོད་སྦྲེལ་མཐུད་བྱེད་པའི་དཔྱད་ཞིབ་གདེང་འཇོག་གི་ཞིང་ཆེན་རིམ་པའི་སྦྲེལ་མཐུད་ཚོགས་འདུ་ཟི་ལིང་དུ་བསྡུས།    རྒྱལ་ཁབ་དཔྱད་ཞིབ་གདེང་འཇོག་ཕྱོགས་བསྡུས་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ།   སློབ་གསོ་པུའུ་ཡི་ཏང་ཙུའུ་ཁོངས་མི།   པུའུ་ཀྲང་གཞོན་པ་སུན་ཡའོ་ཡིས་གཏམ་བཤད།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།   ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་རང་ཞིང་གི་བྱ་བའི་གནས་ཚུལ་སྙན་ཞུ་བྱས།

སུན་ཡའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ནུས་ཡོད་སྦྲེལ་མཐུད་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་།   གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་རྒྱ་བསྐྱེད་གཏོང་བར་ཁ་ཕྱོགས་གསལ་བོ་བསྟན་པ་དང་།  དཔྱད་ཞིབ་གདེང་འཇོག་བྱ་བ་བཟང་བོར་བསྒྲུབ་པར་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས།    མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དཔྱད་ཞིབ་གདེང་འཇོག་བྱ་བ་བཟང་བོར་བསྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ།    དངོས་ཐོག་བདེན་འཚོལ་གྱིས་གནས་ཚུལ་ཡར་ཞུ་བྱེད་པ།   ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པའི་སྒོ་ནས་བྱ་བའི་ཕན་འབྲས་དངོས་མངོན་པར་བྱེད་པ།  སེམས་ཤུགས་གཅིག་སྒྲིལ་གྱིས་དཔྱད་ཞིབ་གདེང་འཇོག་བྱ་བ་བཟང་བོར་བསྒྲུབ་པར་མཐུན་སྦྱོར་བྱས་ཏེ་དཔྱད་ཞིབ་གདེང་འཇོག་གི་ལས་འགན་སོ་སོ་སྤུས་ཚད་མཐོན་པོས་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་རྒྱུ་ནི་རེ་བ་ཡིན།   ཞིབ་བཤེར་ཚན་ཆུང་གིས་དཔྱད་ཞིབ་གདེང་འཇོག་བྱ་བའི་ཇུས་གཞི་དང་ལག་བསྟར་ཇུས་གཞིའི་བླང་བྱར་ནན་མོར་དམིགས་ཏེ་གཟབ་ནན་དྲང་བཞག་སྒོས་དཔྱད་ཞིབ་བྱ་བ་སྤེལ་བ་དང་།   གནས་ཚུལ་དངོས་གསལ་རྟོགས་དང་གནད་དོན་དང་མི་འདང་ས་བཙལ་ཏེ་དཔྱད་ཞིབ་གདེང་འཇོག་གི་དོན་དངོས་རང་བཞིན་དང་དངོས་ཡོད་རང་བཞིན།  ཡང་དག་རང་བཞིན་བཅས་ལ་འགན་སྲུང་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡིད་ཚིམས་པའི་རྒྱུགས་ལན་སྤྲོད་ངེས་ཡིན་ཞེས་བསྟན།

ལིའུ་ཆི་ཧྥན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཞིབ་བཤེར་ཚན་ཆུང་གི་ཁོངས་མི་ཡོངས་ལ་དགའ་བསུ་དང་བཀའ་དྲིན་ཞུས་པ་དང་།  ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མཐུན་སྦྱོར་བྱ་བ་བཟང་བོར་བསྒྲུབ་པའི་ཐད་བླང་བྱ་བཏོན།    ཁོས་དཔྱད་ཞིབ་ལ་ལྟ་སྟངས་ནན་མོ་འཛིན་པ་དང་། རྒྱལ་ཁབ་ཀྱི་དཔྱད་ཞིབ་གདེང་འཇོག་བྱ་བའི་ཆབ་སྲིད་རང་བཞིན་དང་གཟབ་ནན་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་པ།    རང་རྟོགས་ངང་རྒྱལ་ཁབ་ཀྱི་དཔྱད་ཞིབ་གདེང་འཇོག་དང་ལེན་བྱེད་རྒྱུ་དེ་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ།  ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ཇེ་དྲག་ཏུ་གཏོང་བའི་ཞིབ་ཕྲའི་འགུལ་སྐྱོད་དུ་བྱས་ཏེ་བྱ་བའི་ལས་འགན་སོ་སོ་ལྷག་ལུས་མེད་པར་ཡོངས་འགྲུབ་བྱེད་དགོས།      རང་འགུལ་ངང་མཐུན་སྦྱོར་བྱེད་པ་དང་མགྱོགས་མྱུར་སྒོས་ཆེད་དོན་ཚན་ཁག་འཛུགས་པ།    མྱུར་དུ་ཨ་ལན་སྟེར་བ་བཅས་བྱས་ཏེ་བསམ་བློའི་རང་རྟོགས་དང་ཆབ་སྲིད་རང་རྟོགས།  འགུལ་སྐྱོད་རང་རྟོགས་མཐོན་པོས་དཔྱད་ཞིབ་གདེང་འཇོག་བྱ་བར་སྟོབས་ཤུགས་ཡོད་རྒུས་མཐུན་སྦྱོར་བྱེད་དགོས།    ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་དེའི་ལག་བསྟར་ཞིབ་ཕྲའི་དགོངས་དོན་བརྩི་བསྲུང་ནན་མོ་བྱེད་པ་དང་ཞབས་ཞུ་འགན་སྲུང་བྱ་བ་སོ་སོ་ནན་མོར་བསྒྲུབ་སྟེ་དཔྱད་ཞིབ་གདེང་འཇོག་བྱ་བ་བདེ་བླག་ངང་སྤེལ་བ་དང་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་། ཅང་སུའུ་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་བློ་མཐུན་གྱིས་2023ལོའི་ཤར་ནུབ་རྒྱུད་རོགས་ལས་རོགས་སྐྱོར་བྱ་བའི་གནས་ཚུལ་ཡར་ཞུ་བྱས།

རྒྱལ་ཁབ་དཔྱད་ཞིབ་གདེང་འཇོག་ཕྱོགས་བསྡུས་ཞིབ་བཤེར་ཚན་ཆུང་གི་ཁོངས་མི་དང་།  ཞིང་ཆེན་གྱི་འགོ་ཁྲིད་པ་ཀྲའོ་ཡོའེ་ཞ་དང་ཝང་ལིན་ཧུའུ།   དབྱང་ཀྲི་ཝུན།    ཧི་ལུའུ་ཁྲུན།    ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ།     ཞིང་ཆེན་ཏང་ཨུའི་ཞིང་སྡེ་འབྲོག་ཁུལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ།    ཅང་སུའུ་ཡི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་རུ་ཁག་གི་འགན་ཁུར་བློ་མཐུན།   ཅང་སུའུ་ཞིང་ཆེན་སྲིད་གཞུང་དང་དེ་མིན་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།

ལྷ་མོ་ཚེ་རིང་གིས་བསྒྱུར།