ཚེས15ཉིན། ཞིང་ཆེན་ཡོངས་ཀྱི་དྲ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཚོགས་འདུ་ཟི་ལིང་དུ་བསྡུས། གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་སྐོར་གྱི་དགོངས་པ་གལ་ཆེན། རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་དང་རྒྱལ་ཡོངས་དྲ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཚོགས་འདུའི་དགོངས་དོན་བཅས་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་དང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ནས། 2023ལོའི་དྲ་རྒྱའི་ཆ་འཕྲིན་བྱ་བར་ཕྱིར་དྲན་སྤྱི་བསྡོམས་དང་། 2024ལོའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཏ་ནན་ཚོགས་འདུར་ཞུགས་ནས་གཏམ་བཤད།
ཚོགས་འདུ་ལས་བསྟན་དོན། 2023ལོར་ཞིང་ཆེན་ཡོངས་ཀྱི་དྲ་འཕྲིན་མ་ལག་གིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་པ་དང་། དྲ་ཐོག་གི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ། ཆ་འཕྲིན་ཅན་གྱི་འཕེལ་རྒྱས་གོམ་སྟབས་མུ་མཐུད་ཇེ་མགྱོགས་སུ་བཏང་ནས། དྲ་རྒྱའི་དོ་དམ་དང་བཅོས་སྒྲིག་ནུས་པ་དང་ཆུ་ཚད་ཀྱིས་ཚོད་བགམ་ཆེན་པོའི་ལག་ལེན་གྱི་ཞིབ་བཤེར་ཐེག་པར་གྱུར་ཏེ། འཕེལ་རྒྱས་ཆེན་པོ་འགྲོ་བའི་རྣམ་པ་མངོན།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། 2024ལོའི་ཞིང་ཆེན་ཡོངས་ཀྱི་དྲ་འཕྲིན་བྱ་བས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་སྐོར་གྱི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་བྱས་ནས། ལས་འགན་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། རང་འགུལ་ངང་བྱ་བ་སྒྲུབ་པར་འབད་པ། གོང་བུ་གཅིག་ཏུ་བསྒྲིལ་ནས་དྲ་འཕྲིན་ཆེན་པོའི་བྱ་བའི་རྣམ་པ་འཛུགས་དགོས། ཏང་གི་དྲ་འཕྲིན་བྱ་བའི་མགོ་ཁྲིད་བློ་བརྟན་འགྱུར་མེད་སྒོས་རྒྱུན་འཁྱོངས་བྱེད་པ་དང་། དྲ་རྒྱའི་གླེང་ཕྱོགས་ངན་པར་ཁ་གཏད་ལེགས་པོ་འཇལ་བ། དྲ་ཐོག་གི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་ཇེ་རྒྱས་ཇེ་ཆེར་གཏོང་བ། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་མཐུད་གཏིང་ཟབ་ངང་སྤེལ་བ། ཕྱོགས་ཡོངས་ནས་དྲ་རྒྱ་དང་གཞི་གྲངས་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་ཤུགས་སྣོན་པ། ཕྱོགས་ཡོངས་ནས་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་རིམ་པ་ཇེ་མཐོར་གཏོང་བ་དང་། དྲ་འཕྲིན་བྱ་བར་གྲུབ་འབྲས་གསར་བ་ལོན་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ནུས་པ་འབུལ་བར་ཞབས་ཞུ་དང་འདེགས་སྐྱོར། འགན་སྲུང་བཅས་འདོན་སྤྲོད་བྱེད་དགོས།
ལྷ་མོ་འཚོས་བསྒྱུར།